ཞིང་ཆེན་སྲིད་གཞུང་གིས་སྐབས་ཉེར་གཉིས་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐབས་ཉེར་གཉིས་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སོ་སོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ལིས་མིང་གིས་བསྟན་དོན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྤེལ་བའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ་དང་། བྱ་བ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ལ། ཕན་འབྲས་མངོན་གསལ་ལྡན་པའི་བྱ་བ་འབོར་ཆེན་བསྒྲུབས་པས། མཐོང་ཆེན་བྱས་ཚད་མཐོ་བ་དང་འགན་འཁྲི་ཁག་ཁུར་བྱས་པ་བཟང་བ། སྐུལ་འདེད་ཤུགས་ཚད་ཆེ་བ། བྱ་བའི་ཕན་ནུས་བཟང་བ་བཅས་ཀྱི་བྱ་བའི་རྣམ་པ་མངོན་ཡོད། མིག་སྔར། གྲོས་ཚོགས་ཀྱི་མིང་རྟགས་འགོད་པའི་དམིགས་ཚད་ཀྱི་བརྒྱ་ཆའི་བདུན་ཅུ་མངོན་འགྱུར་བྱས་ཏེ་ཚོགས་ཆེན་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

ཝང་ལིས་མིང་གིས་ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བཟང་བོར་བསྒྲུབ་རྒྱུ་དེ་ལོ་སྔོན་མ་དག་དང་བསྡུར་ན་དོན་སྙིང་གལ་ཆེན་ལྡན་ཏེ། དེ་ནི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། འགྱུར་བ་མེད་པ་གསུམ་དང་ཏན་ཏན་ཏིག་ཏིག་བཞི། དེ་མིན་ས་བཞི་བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པའི་ནུས་ལྡན་བྱེད་ཐབས་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ངོས་ཟིན་མཐོ་རུ་བཏང་སྟེ་དུས་ཚོད་དམ་འཛིན་བྱེད་པ་དང་འཕེལ་རིམ་ལ་དམ་དུ་དམིགས་པ། མི་འདང་ས་ཁ་གསབ་བྱེད་པ། བྱ་བ་མྱུར་དུ་བསྒྲུབ་སྟེ་གྲ་སྒྲིག་བྱ་བ་སོ་སོ་བཟང་བོར་བསྒྲུབ་དགོས་པ་དང་། གཙོ་གནད་ཁག་སྔར་ལས་གཅིག་སྡུད་བྱེད་པ་དང་འདུ་ཤེས་བརྟན་པོར་འཛུགས་པ། གྲོན་ཆུང་ངང་གྲོས་ཚོགས་བསྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། བྱ་བའི་ཁྲོད་གནས་པའི་ཉམས་ཞན་སར་དམིགས་ཏེ་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། རིམས་ནད་ནང་དུ་མཆེད་པའི་ཉེན་ཁར་དོགས་ཟོན་ནན་མོ་བྱས་ཏེ་ལྷོད་གཡེང་གི་བསམ་བློ་མེད་པར་བྱེད་དགོས། བདེ་འཇགས་འགན་འཁྲི་སྔར་ལས་དོན་འཁྱོལ་ནན་མོ་བྱས་ཏེ་རིགས་སོ་སོའི་ཉེན་ཁའི་སྔོན་འགོག་ཞིབ་བཤེར་བྱ་བ་དམ་འཛིན་བྱེད་པ། ཨར་ལས་བཟོ་སྐྲུན་བདེ་འཇགས་དང་མེ་འགོག་མེ་གསོད་ཐད་ཀྱི་བདེ་འཇགས། ཟས་རིགས་བདེ་འཇགས་སོགས་བྱ་བའི་ཇུས་གཞི་དང་སྐབས་བསྟུན་བྱ་བའི་སྔོན་ཇུས་ལ་ཞིབ་བཤེར་གཏན་འབེབས་དང་བཀོད་སྒྲིག་བཟང་བོ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།