ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་རྩ་འཛུགས་བྱས་ཏེ་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་ཀྱི་སྟེང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་ནས་གཟབ་རྒྱས་ངང་འཚོགས། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་ཏང་ཡོན་དང་ལས་བྱེད་པ་རྣམས་རྩ་འཛུགས་བྱས་ཏེ་ཐད་གཏོང་ལ་བལྟས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གཟབ་ནན་སྒོས་ཉན།

ཚང་མའི་བསམ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ་རྔམ་བརྗིད་ལྡན། ལོ་རྒྱུས་ཀྱི་གསལ་བོར་རྟོགས་པའི་ཁྲོད་ཆོས་ཉིད་སྟོན་པ་དང་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ངོས་ཟིན་ཁྲོད་འབྱུང་འགྱུར་སྟོན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཀྱི་ཆེད་དུ་བསྲུང་བྱ་དང་ཁ་ཕྱོགས་གསལ་སྟོན་བྱས་པས། ཉན་རྗེས་སུ་ངར་ཤུགས་བསྐྱེད་ཅིང་སྐུལ་མ་ཆེན་པོ་ཐེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་སོང་ཟེར། ཚང་མས་མགྲིན་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ། གཏིབ་ཟབ་པའི་ནང་དོན་ལ་གོ་བ་ཟབ་མོ་བླངས་ནས་བསམ་སྦྱོར་གཉིས་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་ལ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཡིད་ལ་བརྟན་པོར་བཅངས་པ་དང་ཏང་འཛུགས་སྙིང་སྟོབས་ཤུགས་ཆེན་པོས་ཁྱབ་བརྡལ་དུ་གཏོང་དགོས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ནས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ཏེ་རང་ལས་ཁུངས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏན་ཏིག་སྒོས་སློབ་དགོས། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་འཕེལ་བ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བ་དོན་འཁྱོལ་བྱས་ནས་མུ་མཐུད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འཛུབ་སྟོན་དུ་བྱས་ནས་ནམ་ཡང་ཏང་གིས་མགོ་ཁྲིད་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བ་གཅིག་གྱུར་དམ་ཚགས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་ལས་འགན་སྒྲུབ་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལས་འགན་སྒྲུབ་པ། ལས་འགན་གང་ལེགས་ཀྱིས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དམངས་ཆེན་ལས་ཁུངས་སུ་དོན་འཁྱོལ་ནན་མོ་བྱེད་དགོས། མུ་མཐུད་དུ་ཏང་ལ་བློ་དཀར་བའི་ཆབ་སྲིད་ལས་ཁུངས་དང་ཁྲིམས་ལྟར་ལས་འགན་སྒྲུབ་པའི་དབང་ཤུགས་ལས་ཁུངས། དགོངས་དོན་ལག་བསྟར་བྱེད་པའི་འཐུས་ཚབ་ལས་ཁུངས། དོན་དངོས་གཉེར་ཞིང་ཁག་ཁུར་ཆེ་བའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱས་ཏེ། ནན་ནན་ཏིག་ཏིག་དང་འབད་འཐབ་ལྷོད་མེད་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་ཆེན་པོ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།