ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཀའོ་ཝེ་ལིས་ཀྱི་སྔོན་ཐོན་བྱས་རྗེས་སྒྲོག་འགྲེལ་བྱེད་པའི་སྙན་ཞུ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཀའོ་ཝེ་ལིས་ཀྱི་སྔོན་ཐོན་བྱས་རྗེས་སྒྲོག་འགྲེལ་བྱེད་པའི་སྙན་ཞུ་ཚོགས་འདུ་བསྡུས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་སྔོན་ཐོན་དཔེ་བཟང་གི་སློབ་གསོའི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་པ་བརྒྱུད་དེ། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་ཕུགས་བསམ་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་བྱེད་པ། དད་སེམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པའི་སྐུལ་མ་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་སློབ་སྦྱོང་སློབ་གསོ་གཞུང་སྒྲུབ་ཁང་གི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་ལྔ་བའི་ཚན་གཙོ་ཀའོ་ཡུང་དབྱིན་ཚོགས་འདུར་ཞུགས།

བློ་མཐུན་ཀའོ་ཝེ་ལིས་སྐུ་བཞུགས་སྐབས་ཁོང་ནི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གྱོད་གཞི་ཞིབ་གཅོད་ཁང་གི་ཀྲུའུ་རིན་གཞོན་པ་དང་རིམ་པ་དང་པོའི་རྟོག་ཞིབ་མི་སྣ་ཡིན། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་གློ་བུར་དུ་ནད་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་སྐུ་གཤེགས་པ་དང་། ལོ་ཞེ་བདུན་རེད། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པར་ཁོ་རང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་གི་སྔོན་ཐོན་བྱ་བ་སྒྲུབ་མཁན་དུ་གཏན་ཁེལ་བྱས་པ་རེད།

སྙན་ཞུ་ཚོགས་འདུའི་སྟེང་། བློ་མཐུན་བཞི་ཡིས་བརྩེ་བ་རྣལ་མ་དང་བབ་ཆགས་ཀྱི་སྐད་ཆ། ཟུར་མི་འདྲ་བ་ནས་བློ་མཐུན་ཀའོ་ཝེ་ལིས་ཀྱི་ཏང་ལ་བློ་དཀར་བ་དང་དད་མོས་བརྟན་པོ་ཡོད་པ་སོགས་ཀྱི་སྔོན་ཐོན་བྱས་རྗེས་འགྲེལ་བཤད་བྱས་པས། ཡུལ་དངོས་ཀྱི་མི་རེ་རེར་སྐུལ་མ་ཆེན་པོ་ཐེབས།

སྙན་ཞུར་ཉན་རྗེས། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་དག་གིས་བསྟན་དོན། བློ་མཐུན་ཀའོ་ཝེ་ལིས་ཀྱི་ལས་གཉེར་སྙིང་སྟོབས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ནས། ཡིད་ཆེས་སྔར་ལས་ཇེ་བརྟན་དང་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ནས་ཧུར་ཐག་གིས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་བསྐྲུན་ཏེ་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་སོ་སོ་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་སོ། སྡེ་ཁག་དང་སྐོར་ཞིབ། མངགས་གཏོང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་བཅས་སྙན་ཞུ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།