ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མས་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་ནུས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་མ་ཟད་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་དང་ཟི་ལིང་གྲོང་ཁྱེར་སྡོད་དམངས་ལྟེ་གནས། མཁར་དཀྱིལ་ཆུས་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ། ནན་ཁྲོན་ནུབ་ལམ་ཁྲིམས་འཛིན་ཁང་། ནན་ཁྲོན་ཤར་ལམ་མངག་གཏོང་ཁང་བཅས་ལ་སོང་ནས་བྱ་བར་རྟོག་ཞིབ་བྱས།
ཉི་མ་སྒྲོལ་མས་བསྟན་དོན། ཁྲིམས་སྐྱོང་སྲིད་གཞུང་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་གཙོ་བོ་དང་གཙོ་གཞིའི་བཟོ་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད་དང་དམ་པོར་སྦྲེལ་ཏེ། གཅིག་གྱུར་གྱི་འཆར་འགོད་དང་བཀོད་སྒྲིག་ལ་ཤུགས་བསྣན་ཞིང་སྐུལ་འདེད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ལས་འགན་དངོས་འབེབས་བྱ་བ་དམ་འཛིན་བྱས་ཤིང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཉི་མ་སྒྲོལ་མས་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།