ལིག་ཁྲའོ་ཡིས་མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་ཏང་གི་ཆེད་དོན་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཁྲའོ་ཡིས་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་རུ་ཏང་ཡོན་ལས་བྱེད་པར་ཏང་གི་ཆེད་དོན་སློབ་ཁྲིད་བྱས།

ལིག་ཁྲའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། “ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པའི”ཐད་གཞུང་ལུགས་ཞིབ་བརྗོད་གལ་ཆེན་གནང་ནས། ཏང་ཡོན་ལས་བྱེད་པས་ཀུན་སྤྱོད་ལེགས་པོ་ཤེས་པ་དང་། སྤྱི་བའི་ཀུན་སྤྱོད་སྲུང་ནས། སྒེར་གྱི་ཀུན་སྤྱོད་གཟབ་ནན་བྱེད་པར་ཁ་ཕྱོགས་གསལ་བོ་ཞིག་བསྟན། ལིག་ཁྲའོ་ཡིས་ནན་གྱིས་བསྟན་དོན། ཏང་ཡོན་ལས་བྱེད་པས་ཏང་ལ་བློ་དཀར་བའི་ཀུན་སྤྱོད་ལ་བརྩི་མཐོང་དང་། “འདུ་ཤེས་བཞིམཐོར་འདེགས་དང་། “ཡིད་ཆེས་བཞིསྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། རང་འགུལ་སྒོས་ཆབ་སྲིད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་ཡོང་བར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་དྲག་ཆས་སྤྲས་ནས། ལག་ལེན་ལ་མཛུབ་སྟོན་དང་། བྱ་བར་སྐུལ་འདེད་བཏང་སྟེ། ཏང་གི་རྗེས་སུ་འབྲངས་བ་དང་། བློ་འགྱོད་མེད་པར་བྱེད་དགོས། མི་དམངས་ཀྱི་སྤྱི་བའི་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དེ་རྩ་བའི་འགན་ནུས་སུ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པ་དང་། ཆེས་ཐད་ཀར་མངོན་འགྱུར་བྱེད་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང། བདེ་སྣང་བཅས་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།