ལིའུ་ཁྲའོ་ཡིས་མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་རྟོག་དོ་དམ་ཅུའུ་རུ་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6ཚེས30ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་རྟོག་དོ་དམ་ཅུའུ་ཡི་ཏང་ཡོན་ལས་བྱེད་པ་རྣམས་ལ་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

ལིའུ་ཁྲའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་དགོས་པའི་རྣམ་བཤད་གལ་ཆེན་བཏོན་པ་དང་། ཏང་ཡོན་ལས་བྱེད་པས་སྤྱོད་བཟང་ངེས་པ་དང་སྤྱི་བའི་སྤྱོད་བཟང་སྲུང་བ། སྒེར་གྱི་འཚོ་བའི་སྟེང་གི་ཀུན་སྤྱོད་བཅས་ཀྱི་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ལིའུ་ཁྲའོ་ཡིས་ནན་གྱིས་བསྟན་དོན། ཏང་ཡོན་ལས་བྱེད་པས་ཏང་ལ་བློ་དཀར་བའི་སྤྱོད་བཟང་ལ་བཀུར་བསྟི་བྱེད་དགོས་ལ། འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ནས་རང་འགུལ་སྒོས་བསམ་བློ་དང་ཆབ་སྲིད། སྤྱོད་ལམ་བཅས་ཀྱི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་ཁྲིད་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་བློ་སེམས་འགྱུར་མེད་སྒོས་ཏང་གི་རྗེས་སུ་འབྲངས་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱི་བའི་སྤྱོད་བཟང་ལ་བཀུར་བསྟི་བྱེད་དགོས་ལ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བྱེད་དགོས། མི་དམངས་ལ་བདེ་སྐྱིད་སྐྲུན་པ་གཞི་རྩའི་ལས་འགན་དུ་བྱས་ནས་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་གཏོང་དགོས། རང་གཅུན་གྱི་སྤྱོད་པར་བཀུར་བསྟི་བྱས་ཏེ་མི་རྣམ་དག་ཅིག་བྱེད་པ་དང་དོན་རྣམ་དག་ཅིག་སྒྲུབ་དགོས། ལིའུ་ཁྲའོ་ཡིས་ནན་གྱིས་བསྟན་དོན།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཚོང་རའི་ལྟ་རྟོག་དང་དོ་དམ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་ཟུང་འབྲེལ་གང་ལེགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་རའི་ལྟ་རྟོག་དོ་དམ་བྱ་བ་དང་འབྲེལ་ཡོད་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་དགོས་ལ། དུས་རབས་གསར་བའི་ཚོང་རའི་ལྟ་རྟོག་དོ་དམ་བྱ་བའི་གཞི་འཛིན་སར་ངོས་འཛིན་གསལ་བོ་བྱེད་དགོས།  ཚོང་རའི་ལྟ་རྟོག་དོ་དམ་ཁུངས་གཏོགས་ཀྱི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཚོང་རའི་ལྟ་རྟོག་དོ་དམ་མ་ལག་དང་ལྟ་རྟོག་དོ་དམ་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱིས་ལེའུ་གསར་བ་འབྲི་བའི་ཐད་ཚོང་རའི་ལྟ་རྟོག་དོ་དམ་གྱི་སྟོབས་ཤུགས་འབུལ་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།