ལིའུ་ཐོ་ཡིས་འགོ་མཛིན་བྱས་ནས་མཚོ་སྔོན་པོའི་མཐའ་འཁོར་དང་བཞུར་རྒྱུད་ཀྱི་གད་སྙིགས་དག་གཙང་བཅོས་སྐྱོང་གི་ཉིན་བརྒྱའི་འགུལ་སྐྱོད་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་མཚོ་སྔོན་པོའི་མཐའ་འཁོར་དང་བཞུར་རྒྱུད་ཀྱི་གད་སྙིགས་དག་གཙང་བཅོས་སྐྱོང་གི་ཉིན་བརྒྱའི་འགུལ་སྐྱོད་བཀོད་སྒྲིག་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་བྱ་བ་ཆེན་པོར་རྒྱུས་ལོན་གསལ་བོ་བྱེད་པ། ངོས་འཛིན་མཐོར་འདེགས་གཏོང་བ་དང་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་འགན་འཁྲི་ལག་བསྟར་བྱས་ནས། ལོ་བརྒྱའི་འགུལ་སྐྱོད་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ལིའུ་ཐོ་ཡིས་བསྟན་དོན། མཚོ་སྔོན་པོའི་མཐའ་འཁོར་དང་བཞུར་རྒྱུད་ཀྱི་གད་སྙིགས་དག་གཙང་བཅོས་སྐྱོང་གི་ཉིན་བརྒྱའི་འགུལ་སྐྱོད་སྤེལ་བ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་བཟང་བོ་ཡིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་དངོས་ཡིན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་བཞུར་རྒྱུད་ཁུལ་ཁོངས་དང་ཁྱབ་ཁོངས་ནང་གི་གད་སྙིགས་གཙང་དག་བྱེད་པའི་ཁུལ་དང་རྫོང་གི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་གཏན་ཁེལ་གསལ་བོ་བྱེད་པ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱི་ཁུལ་བགོས་ལྟ་ཞིབ་འགན་འཁྲི་ལམ་ལུགས་གཏན་ཁེལ་གསལ་བོ་བྱས་ཏེ། ཤུགས་ཡོད་པ་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་བ་སྤེལ་དགོས་ཟེར།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་མྱུར་དུ་གཙང་དག་བྱེད་པ་དང་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ་དང་། མཚོ་སྔོན་པོར་བཅོས་སྐྱོང་དང་མཚོ་སྔོན་པོའི་བཞུར་རྒྱུད་ལ་བཅོས་སྐྱོང་བྱེད་པ། མངོན་སུམ་གནད་དོན་ཐག་གཅོད་པ་དང་ཡུན་ཕན་སྒྲིག་གཞི་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱེད་པ། གཅིག་ཤེས་ཀུན་གྲོལ་བྱེད་པ། བྱེད་ཐབས་གཏན་འབེབས་བྱེད་པ། རྐྱེན་སྲོལ་བཙུགས་ནས། རྩ་བའི་སྟེང་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་དགོས། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་ཁྲོད་མིག་སྔར་རྐང་འཛུགས་པ་དང་ཡུལ་རིང་ལ་དམིགས་པ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། གནད་འགག་ལ་དོ་སྣང་བྱེད་པ། ཕྱོགས་བསྡུས་སྒོས་སྲིད་ཇུས་བཀོལ་བ་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ཀྱི་འགན་ལེན་བྱས་ནས་འགན་ཁུར་བའི་ཕན་ཡོད་བྱེད་ཐབས་སྤྱད་དེ། བཅོས་སྐྱོང་དང་དག་ཐེར་ལེགས་བཅོས་ནན་མོ་བྱེད་དགོས། མཉམ་དུ་མཁྲེགས་གཏོར་བྱེད་པའི་ཁྲོད་འགན་འཁྲི་ལག་བསྟར་བྱེད་པ་དང་། བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། ཁོངས་གཏོགས་ས་ཁུལ་དང་གཙོ་གཞི། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཕྲག་ཏུ་ལེན་པ། གཙང་དག་བཅོས་སྐྱོང་ཐད་ནས་འཕྲོ་ལྷག་མི་འཇོག་པར་མཉམ་དུ་མཚོ་སྔོན་པོའི་རབ་མཛེས་དག་གཙང་གི་མིང་བྱང་སྲུང་སྐྱོབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།