མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་ཤེས་བྱ།

ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ། རྣམ་པ་གསར་གཏོད་བཅས་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ།

གཅིག  མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་ནི་སྤྱི་ལོ1949ལོའི་ཟླ9པའི་ཚེས5ཉིན་བཅིངས་འགྲོལ་བྱས།

གཉིས།  སྤྱི་ལོ1936ལོའི་ཟླ7པར། ཀྲུང་གོ་བཟོ་ཞིང་དམར་དམག་སྒར་ཆེན་གཉིས་པ་དང་སྒར་ཆེན་བཞི་པས་རྒྱང་སྐྱོད་བྱེད་སྐབས་མཚོ་སྔོན་ཞིང་ཆེན་གྱི་པད་མ་ས་ཁུལ་བརྒྱུད་མྱོང་བ་མ་ཟད། པད་མ་ཡར་ཐང་ཤང་གི་མཛི་མདའ་ལུང་མདོའི་བྲག་ལྡེབས་སུ“བྱང་ཕྱོགས་སུ་སྐྱོད་ནས་རྒྱལ་ཡོངས་ཀྱི་རི་འགོག་དང་ཅང་རྒོལ་འཐབ་རྩོད་དང་ལེན་བྱེད་དགོས”ཞེས་པའི་ཡི་གེ་བྲིས་ནས་གསར་བརྗེའི་ས་བོན་གཏོར།

གསུམ།  སྤྱི་ལོ1987ལོའི་ཟླ9པའི་ཚེས5ཉིན། ཚ་རྔ་འགག་ཆུ་གློག་ས་ཚིགས་སུ་ཐོག་དང་པོར་ཆུ་འཁོར་གློག་འདོན་འཕྲུལ་འཁོར་ཨང་དང་པོའི་ལག་སྒུལ་ཁ་འབྱེད་ལེགས་འགྲུབ་བྱུང་ཞིང་། ཟླ9པའི་ཚེས29ཉིན་དྲ་སྦྲེལ་གློག་འདོན་བྱེད་མགོ་ཚུགས།

བཞི།  སྤྱི་ལོ1949ལོའི་ཟླ9བའི་ཚེས5ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ཀྲང་ཀྲོང་ལིང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་འགན་ཁུར།

ལྔ།  མཚོ་སྔོན་ཞིང་ཆེན་དུ་གཏན་སྡོད་བྱེད་པའི་གྲངས་ཉུང་མི་རིགས་ལ་བོད་རིགས་དང་ཧུའེ་རིགས། ཧོར་རིགས། ས་ལར་རིགས། སོག་རིགས་བཅས་ཡོད་པ་དང་། ཧོར་རིགས་དང་ས་ལར་རིགས་ནི་མཚོ་སྔོན་ཁོ་ནར་ཡོད་པའི་མི་རིགས་ཤིག་ཡིན།

དྲུག  སྤྱི་ལོ1958ལོར། བློ་མཐུན་ཀྲུའུ་ཏེ་ཡིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་བྱེད་སྐབས།"མཚོ་སྔོན་ནི་ས་ཁྱོན་ཆེ་ཞིང་གཏེར་ཁ་མང་བའི་མེས་རྒྱལ་གྱི་ཡིད་དུ་འོང་པའི་གནས་མཆོག་ཅིག་ཡིན"ཅེས་པའི་ཕྱག་བྲིས་གནང་། 

བདུན།  བློ་མཐུན་རྒྱས་བཟང་བསོད་ནམས་དར་རྒྱས་སྔ་རྗེས་སུ་ཨ་ཆེན་གངས་རྒྱབ་ཀྱི་ཡུལ་དབུས་སུ་ཐེངས12ལྷག་ལ་སོང་ནས་རྩད་ཞིབ་དང་སྐོར་ཞིབ་བྱས་ཏེ། མཐོང་ཐོས་མྱོང་གསུམ་གྱི་དཔྱད་གཞི་འབོར་ཆེན་ཁོང་དུ་ཆུད་པ་བྱས་ནས། ཨ་ཆེན་གངས་རྒྱབ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞི་འཛུགས་པར་སྐུལ་འདེད་བཏང་བ་དང་། རི་དྭགས་ལྐོག་རྔོན་བྱེད་མཁན་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་སྐབས་རང་སྲོག་བློས་བཏང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོང་ལ “བཅོས་བསྒྱུར་གདོང་ལེན་པ”ཞེས་པའི་མཚན་སྙན་བསྩལ་པར་མ་ཟད། ཁོང་ནི“ཨ་ཆེན་གངས་རྒྱབ་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྔོན་བྱོན་པ་ཡིན”ཞེས་གསུངས།  

བརྒྱད།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། མཚོ་སྔོན་གསར་པའི་སྙིང་སྟོབས་ལ་ཚན་རིག་དང་མཐུན་པའི་མཚན་ཉིད་བཞག་ཡོད་དེ། ཁུ་ནུ་རི་བོའི་ཡང་རྩེར་འགྲེངས་ནས་རྒྱལ་ཡོངས་དང་འཛམ་གླིང་ལ་རྒྱང་ལྟ་བྱེད་པའི་སྙིང་སྟོབས་དང་། འགྲོ་འོང་དང་འབྲེལ་འདྲིས་མཉམ་འདྲེས་བྱས་ནས་ཟམ་མི་ཆད་པར་རྒྱལ་ཡོངས་དང་འཛམ་གླིང་གི་འཕེལ་རྒྱས་རྣམ་པའི་ནང་འདྲེས་པའི་གདེང་ཚོད་སྒོ་འབྱེད་ཀྱི་སྙིང་སྟོབས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་རི་ཕྱོར་ཆུ་གཙང་ལ་སྲུང་སྐྱོང་། རྒྱལ་ཡོངས་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་མཐུན་སྒྲིལ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས། དུས་རབས་གསར་པའི་བླང་བྱ་གསར་པ་ལེགས་འཛིན་དང་འགན་འཁྲི་གསར་པ་འཁུར་བའི་འབད་འཐབ་ཀྱི་སྙིང་སྟོབས་བཅས་ཡིན།

དགུ  སྤྱི་ལོ1999ལོའི་ཟླ9པའི་ཚེས19ཉིན་ནས་ཚེས22ཉིན་བར། ཏང་གི་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། གྲོས་ཚོགས་སྟེང《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་འགའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་། དེར“རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་དགོས”ཞེས་གསལ་བོར་བསྟན་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆའི་ནང་ཐོག་མར“ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས”ལག་བསྟར་བྱེད་དགོས་པ་གསལ་བོར་གླེང་པ་རེད།

བཅུ། ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏིང་ཞའོ་ཕིང་གི“སྤྱི་ཡོངས་ཆེན་པོ་གཉིས”ཀྱི་དགོངས་པ་གཞིར་བཟུང་བ་ཡིན་ཏེ། ཐོག་མར་ཆ་རྐྱེན་ཅུང་ལེགས་པའི་ཤར་རྒྱུད་ས་ཁུལ་འཕེལ་རྒྱས་སུ་བཏང་ནས་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆུ་ཚད་འབྱོར་འབྲིང་དུ་སླེབས་དུས། ཤར་རྒྱུད་ས་ཁུལ་གྱིས་སྔར་ལས་ལྷག་པའི་སྟོབས་ཤུགས་བཏོན་ནས་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱ་དགོས།  

བཅུ་གཅིག   སྤྱི་ལོ1991ལོའི་ཟླ5བའི་ཚེས12ཉིན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཅང་ཙེ་མེན་གྱིས་བཀའ་ཕབ་སྟེ། སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ་མཚོ་བོད་དམག་ཚུགས་པུའུ་ཡི་སི་ལེན་པུའུ་སྐྱེལ་འདྲེན་ཁོའོ་ཡི་ཁོའོ་ཀྲང་ཀྲང་ཏིང་ཆོན་ལ“མཚོ་བོད་ས་མཐོའི་དཔེ་བཟང་ལས་བྱེད་པ”ཞེས་པའི་གཟི་བརྗིད་མཚན་སྙན་བསྩལ་ཞིང་། ཁོང་ནི“ཏང་དང་མི་དམངས་ཀྱི་བུ་ཕྲུག་ཡ་རབས་ཤིག་དང་རང་དམག་གི་ལས་བྱེད་པ་བཟང་པོ་ཞིག”ཡིན་པ་མ་ཟད། དུས་སྐབས་གསར་པར་ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་དང་ལག་ལེན་བྱེད་མཁན་གྱི་ཕུལ་བྱུང་འཐུས་མི་ཡིན་ཞེས་བསྔགས་བརྗོད་མཛད།

བཅུ་གཉིས།  སྤྱི་ལོ2016ལོའི་ཟླ8པའི་ཚེས22ནས24ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ཞིང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་མ་ཟད། མངོན་མེད་ནུས་པ་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ཞེས་ནན་གྱིས་བསྟན། མཚོ་སྔོན་གྱི་སྐྱེ་ཁམས་ནི་གལ་ཆེ་ཞིང་ཁྱད་པར་ཅན་ཞིག་ཡིན་པས། ངེས་པར་གཙང་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས་ཞེས་གསུངས།

བཅུ་གསུམ།   མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་དམིགས་བསལ་ལྡན་ལ། མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་ཞིང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་ལ“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཐོབ་ཡོད།

བཅུ་བཞི།  མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཡོད་པའི་ཁྲའར་ཧན་ཚྭ་མཚོ་ནི་ཀྲུང་གོའི་ཚྭ་མཚོ་ཆེ་ཤོས་ཡིན་ཞིང་། འཛམ་གླིང་གི་སྐམ་སའི་ཚྭ་མཚོ་ཆེ་ཤོས་ཀྱི་གྲས་སུའང་གཏོགས་པས“ཚྭ་མཚོའི་རྒྱལ་པོ”ཞེས་འབོད་བཞིན་ཡོད།

བཅོ་ལྔ། 《མཚོ་སྔོན་བོད་ཡིག་ཚགས་པར》ནི1951ལོའི་ཟླ1པོའི་ཚེས16ཉིན་ཐོག་མར་སྤེལ་བ་དང་། དེ་ནི་རྒྱལ་ཡོངས་སུ་སྤེལ་བའི་ཆེས་སྔ་ཤོས་ཀྱི་ཞིང་ཆེན་རིམ་པའི་བོད་ཡིག་གི་ཏང་གི་ཚགས་པར་ཞིག་ཡིན།

བཅུ་དྲུག  སློབ་གསོ་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པར་གཞོགས་འདེགས་བྱས་ཏེ། རིམ་བཞིན་དམའ་རིམ་སློབ་གསོ་ཁྱབ་གདལ་གཏོང་བའི་ལས་འགན་མངོན་འགྱུར་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》ད་དུང་དངོས་སུ་སྤེལ་མེད་པའི་གནས་ཚུལ་འོག སྤྱི་ལོ1985ལོའི་ཟླ10བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་སྟེང་། དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གིས་གཏན་འབེབས་བྱས་པའི《དམའ་རིམ་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་གནས་སྐབས་སྲོལ་ཡིག》ལ་ཆོག་མཆན་བཀོད།《སྲོལ་ཡིག》དེ་ནི་རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེར་སྤྱོད་སྲོལ་ཡིག་ཐོག་མ་ཡིན།

བཅུ་བདུན།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ནི་སྤྱི་ལོ1950ལོའི་ཟླ1པོའི་ཚེས1ཉིན་བཙུགས།

བཅོ་བརྒྱད།  སྤྱི་ལོ1954ལོའི་ཟླ4པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་ཐོག་ས་ཁུལ་ཆེན་པོའི་རིམ་པ་དང་པོའི་ཏང་སྲིད་སྒྲིག་གཞི་ཕྱིར་འཐེན་དང་ཀྲུང་དབྱང་གི་བྱ་བའི་སྒྲིག་གཞི་ཁག་ཅིག་ཇེ་མང་དུ་གཏོང་བའི་གྲོས་ཐག་བཅད། ཀྲུང་དབྱང་གི་ཅུའུ་སོ་སོ་སྔ་རྗེས་སུ་ཕྱིར་འཐེན་བྱས་པ་དང་། ཡན་ལག་ཅུའུ་ཡོད་ཚད་ཀྱང་རིམ་མཐུད་ཀྱིས་ཞིང་ཆེན(ས་ཁུལ)ཏང་ཨུར་བསྒྱུར་པས། ཀྲུང་གུང་ཀྲུང་དབྱང་གིས་ཐད་ཀར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་ཏང་གི་ལས་ཀར་མགོ་ཁྲིད་བྱས། དུས་དེ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ལའང་ཀྲུང་གུང་ཀྲུང་དབྱང་གིས་ཐད་ཀར་མགོ་ཁྲིད་བྱས།

བཅུ་དགུ  སྤྱི་ལོ1954ལོའི་ཟླ7པའི་ཚེས17ནས27ཉིན་བར།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས།

ཉི་ཤུ།  སྤྱི་ལོ1954ལོའི་ཟླ12པའི་ཚེས25ཉིན། མཚོ་བོད་གཞུང་ལམ་ཧྲིལ་བོར་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་། མཚོ་བོད་གཞུང་ལམ་དེ་ཟི་ལིང་ནས་ལྷ་ས་བར་གྱི་རིང་ཚད་ལ་སྤྱི་ལེ2100ཡོད་པ་དང་། གཞུང་ལམ་དེ་ཤར་གཏོང་ཐུབ་པར་བརྟེན། བོད་ལྗོངས་དང་ནང་ལོག་བར་གྱི་འབྲེལ་བར་ཤུགས་སྣོན་ཆེན་པོ་ཐེབས་པ་མ་ཟད། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རང་རྒྱལ་ལྷོ་ནུབ་མཐའ་སྲུང་སྲ་བརྟན་དུ་གཏོང་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད།

ཉེར་གཅིག  སྤྱི་ལོ1938ལོ་ནས1943ལོའི་བར། ཏང་ཀྲུང་དབྱང་གིས་ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་གུང་ཁྲན་ཏང་ཡོན་ཁོའུ་ཚོན་ཧྲན་ཐེངས་གསུམ་ལ་མཚོ་སྔོན་དུ་ལས་དོན་གསར་གཏོད་བྱེད་པར་མངགས།

ཉེར་གཉིས།  རྒྱལ་ཁབ་ཀྱིས་ཚྭ་འདམ་གཞོངས་སའི་གསར་སྤེལ་ལ་མཐོང་ཆེན་མཛད་པས། 1954ལོའི་ཟླ4པའི་ཚེས18ཉིན། ལང་ཚོ་དར་ལ་བབ་ཅིང་ཆ་སྙོམས་ལོ་ཚད་ལོ25ལ་སླེབས་མེད་པའི་རྔ་ཁྲིད་རུ་ཁག་ཅིག་གིས་གྲུབ་པའི་ཀྲུང་གོ་གསར་པའི་ས་གཤིས་རྩད་ཞིབ་རུ་ཁག་ཚྭ་འདམ་གཞོངས་སར་ཐེངས་དང་པོར་བསྐྱོད་དེ། ཚྭ་འདམ་གཞོངས་སར་གཞི་ཁྱོན་ཆེན་པོས་རྡོ་སྣུམ་དང་ས་གཤིས་རྩད་ཞིབ་བྱས།

ཉེར་གསུམ།  སྤྱི་ལོ1955ལོའི་ཟླ11པའི་ཚེས27ཉིན། ཚྭ་འདམ་གཞོངས་སའི་གཏིང་ཟབ་སྣུམ་ཁྲོན་དང་པོ་བརྐོ་བའི་མཛད་སྒོ་སྤེལ་ཅིང་། ཟླ12པའི་ཚེས12ཉིན། རྡོ་སྣུམ་ཕྱིར་ཐོན་ཡོད་པ་རེད།

ཉེར་བཞི།  སྤྱི་ལོ1956ལོའི་ཟླ9བའི་ཚེས1ཉིན། ཚྭ་འདམ་གཞོངས་སའི་གཞུང་ལམ་གཉིས་ཏེ།  བྱང་གི་གཞུང་ལམ་དང་ཀླུ་མཚོ་ཟུར་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས། བྱང་གི་གཞུང་ལམ་ནི་ཏཱ་ཨོ་པོ་ཐུའུ་ནས་མང་ཡ་བར་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ300ལྷག་ཡོད། ཀླུ་མཚོ་ཟུར་ལམ་གྱིས་ཚྭ་ཁཱ་ནས་ཀན་སེན་གཞུང་ལམ་དང་བྱང་གི་གཞུང་ལམ་འབྲེལ་མཐུད་བྱས། སྤྱིའི་རིང་ཚད་ལ་སྤྱི་ལེ130ཡོད། གཞུང་ལམ་གཉི་ག་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་བརྟེན་ནས། ཚྭ་འདམ་གཞོངས་སའི་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན།

ཉེར་ལྔ།  སྤྱི་ལོ1957ལོའི་ཟླ5བའི་ཚེས27ཉིན་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་བཙུགས་ཤིང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་དགེ་རྒན་གསོ་སྐྱོང་བྱེད་པའི་ཆེད་གཉེར་སློབ་གྲྭ་དང་པོ་ཡིན་ལ་། སྤྱི་ལོ1951ལོར་མཚོ་སྔོན་དགེ་འོས་སློབ་གྲྭར་བཙུགས་པའི་མི་རིགས་དགེ་རྒན་འཛིན་གྲྭའི་རྨང་གཞིའི་སྟེང་བཙུགས་པ་ཡིན།

ཉེར་དྲུག  སྤྱི་ལོ1958ལོའི་ཟླ10པའི་ཚེས17ཉིན་ནས་ཚེས25ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའམ་རྒྱལ་སྲུང་པུའུ་ཀྲང་ཕིན་ཏི་ཧའེ་ཡིས་མཚོ་སྔོན་དུ་གཟིགས་ཞིབ་གནང་པ་དང་། ཚྭ་འདམ་གཞོངས་སའི་གཏེར་ཁ་ཐོན་ཁུངས་འགྲེམས་སྟོན་ཁང་དུ། “ལྗིད་པའི་བཟོ་ལས་རྟེན་གཞི་དང་གཏེར་དངོས་བང་མཛོད་ནི་ན་གཞོན་ཚན་རིག་དཔུང་ཁག་ལ་ཐོབ་པའི་གྲུབ་འབྲས་ཡིན” ཞེས་པའི་ཕྱག་བྲིས་གནང་པར་མ་ཟད། ལས་བཟོ་པས་ཚྭ་འདམ་གཞོང་སར་གཞིས་ཆགས་ལས་གཉེར་བྱས་ནས། ཚེ་གང་བོར་ཧུར་ཐག་སྒོས་ལས་དོན་སྒྲུབ་སྟེ། སྔ་མོ་ནས་ཚྭ་འདམ་གཞོངས་ས་དེ་ཕྱོགས་བསྡུས་རང་བཞིན་གྱི་བཟོ་ལས་རྟེན་གཞིར་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་ལྕག་བཏང་།

ཉེར་བདུན།  སྤྱི་ལོ1959ལོའི་ཟླ10བའི་ཚེས1ཉིན། ལན་གྲུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་གི་མཛད་སྒོ་ཟི་ལིང་མེ་འཁོར་བབས་ཚུགས་སུ་སྤེལ་བ་རེད། ལན་གྲུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ཤར་ཕྱོགས་ལན་གྲུ་དང་ནུབ་ཕྱོགས་ཟི་ལིང་ཡིན་ལ། སྤྱི་ལོ1958ལོའི་ཟླ5བར་ལྕགས་ལམ་བསྐྲུན་མགོ་ཚུགས། སྤྱི་ལོ1959ལོའི་ཟླ8པའི་ཚེས4ཉིན་མིན་ཧོ་རྫོང(བཀའ་མ་ལོག་རྫོང)དང་ཟླ9བའི་ཚེས7ཉིན་ལི་ཏུའུ་རྫོང(གྲོ་ཚང་རྫོང)ལ་འབྱོར་བ་དང་། ཟླ9བའི་ཚེས22ཉིན་ཟི་ལིང་དུ་འབྱོར་བ་རེད། ལྕགས་ལམ་དེ་བསྐྲུན་པ་ཡིས་མཚོ་སྔོན་ལ་ལྕགས་ལམ་འགྲིམ་འགྲུལ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་མ་ཟད། མཚོ་སྔོན་དང་རྒྱལ་ཡོངས་ས་གནས་ཁག་དབར་གྱི་འབྲེལ་འདྲིས་ལ་ནུས་པ་ཆེན་པོ་ཐོན་ཡོད།

ཉེར་བརྒྱད།  སྤྱི་ལོ1964ལོའི་ཟླ10པའི་ཚེས16ཉིན། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་ཞིན་ཅང་གི་ལུའོ་པུའུ་པོ་ནས་འབར་གས་ལེགས་འགྲུབ་བྱུང་བས་འཛམ་གླིང་ཧང་སངས་པར་བཏང་ཞིང་།《མི་དམངས་ཉིན་རེའི་ཚགས་པར》གྱིས་དམིགས་བསལ་ཚགས་པར་གྱི་རྣམ་པས་གཏམ་བཟང་འདི་འཛམ་གླིང་ཡོངས་སུ་བསྒྲགས།

ཉེར་དགུ  སྤྱི་ལོ1967ལོའི་ཟླ6པའི་ཚེས17ཉིན། རང་རྒྱལ་གྱི་ཆིན་ཏན་མདེའུ་དང་པོ་བར་སྣང་ནས་འབར་གས་ཚོད་ལྟ་ལེགས་འགྲུབ་བྱུང་།

སུམ་བཅུ།  སྤྱི་ལོ1995ལོའི་ཟླ5བའི་ཚེས15ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་འཛམ་གླིང་ཡོངས་ལ་བསྒྲགས་དོན། “རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་བཟོ་སྐྲུན་རྟེན་གཞི་དང་པོ་དེ་ཕྱོགས་ཡོངས་ནས་ཕྱིར་འཐེན་བྱས་ཟིན”ཞེས་པ་དང་། གློག་འཕྲིན་ལས། “རྟེན་གཞི་དེ་མཚོ་སྔོན་ཞིང་ཆེན་དུ་གནས་པ་དང་། དེ་སྔ་རང་རྒྱལ་གྱིས་རྡུལ་ཕྲན་འབར་མདེལ་དང་ཆིན་ཏན་མདེའུ་ཐོག་མ་ཞིབ་འཇུག་དང་བཟོ་སྐྲུན་གྱི་བྱ་བར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཟེར།

སོ་གཅིག  མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་བསྡུས་མིང་ལ“མཚོ་སྐོར་འགྲན་བསྡུར”ཞེས་བརྗོད་ཅིང་། སྤྱི་ལོ2002ལོ་ནས་བཟུང་བྱ་འགུལ་སྤེལ་མགོ་ཚུགས་པ་རེད། སྤྱི་ལོ2002ལོའི་ཟླ7པའི་ཚེས27ཉིན། མཚོ་སྔོན་པོའི"ཆིན་ཐའེ་བུམ་པའི"རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་དང་པོ་མགོ་ཚུགས་པ་རེད།

སོ་གཉིས།  སྤྱི་ལོ2005ལོའི་ཟླ10བའི་ཚེས27ཉིན། ཚྭ་འདམ་གཞོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དེ་རྒྱལ་ཁབ་ཀྱི་སྐོར་དང་པོའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཐོན་ལས་གླིང13གྱི་གྲས་སུ་བཞག 

སོ་གསུམ།  སྤྱི་ལོ2006ལོའི་ཟླ7པའི་ཚེས1ཉིན། འཛམ་གླིང་ཐོག་ས་བབ་ཆེས་མཐོ་ཤོས་དང་ལམ་ཐག་ཆེས་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་སྟེ། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་བོར་མེ་འཁོར་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ན་གོར་མོ་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་དུས་མཉམ་དུ་འཚོགས་པ་རེད།

སོ་བཞི།  སྤྱི་ལོ2007ལོའི་ཟླ5པར། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས “ས་ཁུལ་བཞི་དང་འགྲམ་རྒྱུད་གཉིས། གཞུང་ལམ་གཅིག”གི་འཕེལ་རྒྱས་རྣམ་པ་གཏོད་པའི་ཐབས་ཇུས་བཏོན་ཡོད། “ས་ཁུལ་བཞི”ནི་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ལྟེ་བར་བྱས་པའི་ཤར་རྒྱུད་ས་ཁུལ་དང་ཚྭ་འདམ་གཞོངས་སུ་གནས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་པོའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ས་ཁུལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་བཅས་ཡིན་པ་དང་། “འགྲམ་རྒྱུད་གཉིས”ནི་རྨ་ཆུའི་འགྲམ་བརྒྱུད་དང་ཙོང་ཆུའི་འགྲམ་བརྒྱུད་ཀྱི་ཁྱད་ལྡན་དཔལ་འབྱོར་ཁུལ་ཡིན་པ། གཞུང་ལམ་གཅིག་ནི་མཚོ་བོད་ལྕགས་ལམ་ལམ་བརྒྱུད་ཀྱི་གཞུང་ལམ་བཅས་རེད།

སོ་ལྔ།  སྤྱི་ལོ2008ལོའི་ཟླ10པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི“ཁྱིམ་ཚང་ཀུན་ལ་གློག་འཐེན་པའི’’བཟོ་སྐྲུན་ལས་གཞི་མཇུག་སྒྲིལ་བའི་ཚོགས་ཆེན་ཟི་ལིང་དུ་འཚོགས་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི“ཁྱིམ་ཚང་ཀུན་ལ་གློག་འཐེན་པའི”ལས་གཞི་དངོས་སུ་ཕྱོགས་ཡོངས་ནས་མཇུག་སྒྲིལ་བ་མཚོན་ཡོད་པ་རེད།

སོ་དྲུག  སྤྱི་ལོ2012ལོའི་ཟླ5བར། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག“ཁུལ་གསུམ”གྱི་འཐབ་ཇུས་བཏོན་པ་སྟེ། འབྱུང་འགྱུར་ལོ་ལྔའི་ནང་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དང་། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་དེ་རེད།

སོ་བདུན།  “མཚོ་སྔོན་གསར་པ་བསྐྲུན་ནས་འཚོ་བ་གསར་པ་གཏོད”པའི“གསར་པ་གཉིས”ཀྱི་དམིགས་ཚད་དང“རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ”གྱི“ཁུལ་གསུམ”གྱི་འཐབ་ཇུས་ནི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་བཏོན་པ་རེད།

སོ་བརྒྱད།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི“གཞི་རྩ་གསུམ”ཀྱི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། “གཞི་རྩ་གསུམ་”ཞེས་པ་ནི་གཞི་རིམ་རྩ་འཛུགས། རྨང་གཞིའི་ལས་དོན། གཞི་རྩའི་ནུས་པ་བཅས་ལ་ཟེར།

སོ་དགུ  སྤྱི་ལོ2019ལོའི་ཟླ11པའི་ཚེས26ཉིན།“དུས་རབས་གསར་པའི་ཀྲུང་གོ། མཛེས་སྡུག་ལྡན་པའི་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ནས་འཛམ་གླིང་དུ་བསྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་གོ་ལ་ཧྲིལ་པོར་འོས་སྦྱོར་ངོ་སྤྲོད་བྱེད་པའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས“མིང་བྱང་བཞི”འོས་སྦྱོར་ངོ་སྤྲོད་བྱས་ནས་ཤིས་ཚིག་ཕུལ་པ་རེད། “མིང་བྱང་བཞི”ནི་གཙང་གསུམ་འབྱུང་ཡུལ་དང་། སྐྱེ་ཁམས་སྲུང་ཡོལ། རྒྱལ་ཁབ་སྤྱི་གླིང་། ཐོན་ཁུངས་ནུས་རྒྱུ་བཅས་རེད།

བཞི་བཅུ།  སྤྱི་ལོ2020ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་མཐོ་སྒང་ནི“སའི་གོ་ལའི་སྣེ་གསུམ་པ”ཡིན་པས། མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞེ་གཅིག  སྤྱི་ལོ1978ལོའི་ཟླ5བའི་ཚེས11ཉིན། 《འོད་ཟེར་ཉིན་རེའི་ཚགས་པར》ཐོག 《ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན》ཞེས་པའི་རྩོམ་ཡིག་ཅིག་སྤེལ། དེར་བརྟེན་བདེན་དོན་གྱི་ཚད་གཞི་སྐོར་གྱི་གྲོས་བསྡུར་ཆེན་པོ་རྒྱལ་ཡོངས་སུ་སྤེལ།

ཞེ་གཉིས།  སྤྱི་ལོ1979ལོའི་ཟླ4པར་ཏེང་ཞའོ་ཕིང་གིས་ཐོག་མར“ཕྱིར་གཏོང་དམིགས་བསལ་ས་ཁུལ”འཛུགས་པའི་དགོངས་འཆར་བཏོན། སྤྱི་ལོ1980ལོའི་ཟླ3པར། “ཕྱིར་གཏོང་དམིགས་གསལ་ས་ཁུལ”གྱི་མིང“དཔལ་འབྱོར་དམིགས་བསལ་ས་ཁུལ”དུ་བསྒྱུར་ཞིང་ཧྲིན་ཀྲིན་ནས་ལག་བསྟར་བྱས། སྤྱི་ལོ1992ལོའི་ཟླ1པོའི་ཚེས18ཉིན་ནས་ཟླ2པའི་ཚེས21ཉིན་བར། ཏེང་ཞའོ་ཕིང་མཆོག་ནན་ཁྲང་དང་ཧྲིན་ཀྲིན། ཀྲུའུ་ཧའེ། ཧྲང་ཧའེ་བཅས་སུ་ཕེབས་ནས་གསུང་བཤད་གལ་ཆེན་གནང་།

ཞེ་གསུམ།  སྤྱི་ལོ1988ལོའི་ཟླ5པར། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཏེ། “བཅོས་བསྒྱུར་སྒོ་འབྱེད་དང་། དབུལ་ཐར་ཕྱུག་འགྱུར། ཐོན་ཁུངས་གསར་སྤེལ། མཚོ་སྔོན་དར་རྒྱས”རིགས་ལམ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་བཏོན་ཏེ། བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ། ཐོན་ཁུངས་གསར་སྤེལ་བྱེད་པ་བཅས་བྱ་བའི་གཙོ་གནད་གསར་པར་གྱུར།

ཞེ་བཞི།  སྤྱི་ལོ2005ལོའི་ཟླ10པར། རྒྱལ་ཁབ་ཀྱིས་ཚྭ་འདམ་གཞོངས་རྒྱལ་ཡོངས་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཐོན་ལས་གླིང་ཁག་དང་པོའི་གྲས་སུ་བཅུག་པ་ནས་བཟུང་། མཚོ་སྔོན་གྱི་དཔལ་འབྱོར་འཁོར་རྒྱུག་ལས་དོན་དངོས་སུ་ལག་བསྟར་བྱས་པ་མཚོན།

ཞེ་ལྔ།  སྤྱི་ལོ2007ལོའི་ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་འགག་སྒོའི་དོ་དམ་གཞུང་ལས་ཁང་གི་སྒོ་བྱང་བཀལ་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་མཚོ་སྔོན་ཞིང་ཆེན་ལ་རྒྱལ་སྤྱིའི་མཁའ་ལམ་མེད་པའི་འགག་སྒོ་བཙུགས་པའི་ལོ་རྒྱུས་མཇུག་རྫོགས་པ་མཚོན།

ཞེ་དྲུག  སྤྱི་ལོ2013ལོའི་ཟླ11པར། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བར་བཀོད་སྒྲིག་བྱས་ཤིང་།“ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ། དྲང་གཞག་ནུས་ལྡན་དང་དབང་ཤུགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་བསྐྲུན་དགོས”ཞེས་གསལ་བོར་བསྟན། 

ཞེ་བདུན།  སྤྱི་ལོ2014ལོའི་ཟླ3པར། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ཚོད་ལྟའི་ཞིང་ཆེན་ཁག་དང་པོའི་གྲས་སུ་གྱུར་པ་མ་ཟད། ནུབ་རྒྱུད་ཞིང་ཆེན་ནང་གི་ཚོད་ལྟའི་ས་ཁུལ་གཅིག་པུའང་ཡིན། སྤྱི་ལོ2014ལོའི་ཟླ12པའི་ཚེས18ཉིན། ཧྲང་ཧའེ་དང་ཀོང་ཏུང་། ཅི་ལིན། ཧུའུ་པེ། ཧའེ་ནན། མཚོ་སྔོན། ཀུའེ་ཀྲོའུ་བཅས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ཇུས་གཞི་ཚང་མར་ཀྲུང་དབྱང་སྲིད་ཁྲིམས་ཨུའི་མཆན་བཀོད་བཀའ་ལན་ཐོབ་པས་བཅོས་བསྒྱུར་བྱེད་མགོ་བརྩམས།

ཞེ་བརྒྱད།  སྤྱི་ལོ2014ལོའི་ཟླ3པར། མཚོ་སྔོན་རྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ཚོད་ལྟའི་ཞིང་ཆེན་གྱི་གྲས་སུ་ཚུད། 2015ལོའི་ཟླ་དང་པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་མགོ་ཁྲིད་ཚོགས་ཆུང་གིས་མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ཚོད་ལྟའི་ལས་དོན་སྤེལ་བའི་ཞིང་ཆེན་གྱི་གྲས་སུ་བཞག 

ཞེ་དགུ  སྤྱི་ལོ2016ལོའི་ཟླ1པོའི་ཚེས7ནས་ཚེས8ཉིན་བར་འཚོགས་པའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་། བརྟན་བརླིང་ངང་མདུན་དུ་སྐྱོད་པའི་བྱ་བའི་སྤྱིའི་དགོངས་དོན་ཁོང་དུ་ཆུད་པ་དང་། “131”འཕེལ་རྒྱས་བླང་བྱ་ཁོང་དུ་ཆུད་པ། རྒྱལ་ཁབ་ཀྱི་གཙོ་གྲུབ་བྱེད་ལས་ཁུལ་གྱི་འཆར་འགོད་དོན་འཁྱོལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་པོར་འཇོག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཐུན་སྦྱོར་ངང་སྤེལ་ཞིང་། བརྟན་བརླིང་འཕེལ་རྒྱས་དང་། གྲུབ་ཆ་ལེགས་སྒྲིག་དང་བཅོས་བསྒྱུར་ལ་སྐུལ་འདེད། དམངས་འཚོར་ཕན་ཐོགས་པ་བཅས་བྱེད་དགོས།

ལྔ་བཅུ།  སྤྱི་ལོ2016ལོའི་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས་པའི”སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མཚོ་སྔོན་གྱི་ལས་དོན་ལ་དམིགས་ཏེ་རྒྱལ་ཁབ་གཙོ་གྲུབ་བྱེད་ལས་ཁུལ་གྱི་འཆར་འགོད་དོན་འཁྱོལ་གཏིང་ཟབ་ཏུ་གཏོང་བ་དང་། ནུས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དང་། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་བཅས་བསྐྲུན་པར་སྐུལ་འདེད་ཆེན་པོ་གཏོང་བ། ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་སྒོས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་སྒོས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ང་གཅིག  སྤྱི་ལོ2016ལོའི་ཟླ8པའི་ཚེས22ནས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་ནས་ལས་དོན་གཟིགས་ཞིབ་དང་མཛུབ་ཁྲིད་གནང་སྐབས། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་བཏོན། ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་དང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་གིས་དམངས་འཚོ་འགན་ལེན་དང་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། ཏན་ཏན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་བསྣན་ཏེ་ཚད་ལྡན་དུ་གཏོང་བ་བཅས་ཡིན།

ང་གཉིས།  སྤྱི་ལོ2020ལོའི་ཟླ4བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང(ཆུས)བཅས་རྫོང 17དབུལ་ཕུངས་རྫོང་ལས་ཕྱིར་བུད་པར་སྤྱི་བསྒྲགས་བྱས། དེར་བརྟེན་ཞིང་ཆེན་ཡོངས་ཀྱི་རྫོང42(གྲོང་ཁྱེར་དང་ཆུས་བཅས་འདུས)དང་། གྲོང་སྡེ1622དང་། སྡེ་མི་ཁྲི53.9ཡིས་དབུལ་ཞྭ་ཕུད།

ང་གསུམ།  སྤྱི་ལོ2020ལོའི་ཟླ7པའི་ཚེས29ཉིན་ནས་ཚེས30ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས། ཚང་འཛོམས་གྲོས་ཚོགས་སྟེང་། ས་གནས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེ་ས་གནས་རིམ་པའི་ལག་ལེན་དང་མཚོན་ཚད་ཅིག་ཡིན་ཞེས་བསྟན་པར་མ་ཟད།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱས་ཏེ་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ང་བཞི།  སྤྱི་ལོ2020ལོའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང“དཔལ་འབྱོར་རྣམ་པ་བཞིར་ཤུགས་སྣོན་དགོས”ཞེས་བཏོན། དཔལ་འབྱོར་རྣམ་པ་བཞི་ནི་སྐྱེ་ཁམས་དཔལ་འབྱོར་དང་འཁོར་སྐྱོད་དཔལ་འབྱོར། གྲངས་གཞིའི་དཔལ་འབྱོར། ས་ཁོངས་མཉམ་ལས་དཔལ་འབྱོར་བཅས་ཡིན། 

ང་ལྔ།  སྤྱི་ལོ2020ལོའི་ཟླ12པའི་ཚེས24ཉིན་ནས་ཚེས26ཉིན་བར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་ཏེ། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་བཟོ་རྒྱུའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ང་དྲུག  སྤྱི་ལོ2021ལོའི་ཟླ2པའི་ཚེས20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་ཞིང་། གསུང་བཤད་ནང་སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་བ་དང་། ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། དུས་སྐབས་དེའི་སློབ་གྲྭའི་སློབ་གསོ་མང་ཚོགས་ཁྲོད་དུ་ཟབ་ཞུགས་དང་གཞི་རིམ་དུ་ཟབ་ཞུགས། མི་སེམས་སུ་ཟུག་པ་བཅས་སུ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ང་བདུན།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་བཏོན། “དམིགས་བསལ་གཅིག་དང་མཐོ་བ་གཉིས” ནི་སྐྱེ་ཁམས་སྲུང་སྐྱོང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་བྱེད་པའི་དོན་ཡིན།

ང་བརྒྱད།  མཚོ་སྔོན་གྱིས་བརྟན་བརླིང་ངང་འཕེལ་རྒྱས་ཀྱི་བྱ་བའི་གཞི་རྩའི་དགོངས་གཞི་མཐའ་འཁྱོལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དང་ནུས་རྒྱུ་གཙང་མ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས། མི་རིགས་མཐུན་སྒྲིལ་ཡར་ཐོན། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་བཅས“ཕྱོགས་ལྔའི་དཔེ་སྟོན་ཞིང་ཆེན”འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་།

ང་དགུ  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཐོག“འགྱུར་ལྡོག་བཞི”ཡི་བསམ་ཕྱོགས་གསར་པ་བཏོན། “འགྱུར་ལྡོག་བཞི”ནི་དཔལ་འབྱོར་འཕེལ་རྒྱས་ཞན་པའི་ཞིང་ཆེན་ནས་སྐྱེ་ཁམས་ཞིང་ཆེན་ཆེན་མོ་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ཆེན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་མོར་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ས་གནས་ཀྱི་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་བྱེད་པ་ནས་རྒྱལ་ཁབ་འཐབ་ཇུས་ཆེན་པོར་མཉམ་འདྲེས་ཐུབ་ཚད་ཇེ་མགྱོགས་སུ་གཏོང་བ། རོང་འབྲོག་པའི་འདེབས་འཛུགས་རྐྱང་བ་དང་གསོ་ཚགས་རྐྱང་བ། སྐྱེ་ཁམས་སྲུང་སྐྱོང་རྐྱང་བ་ནས་སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་འཁོར་རྒྱུག་ལེགས་པོ་ཡོང་བའི་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་ཞེས་པའི་དོན་ཡིན།

དྲུག་ཅུ།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་བཏོན་པའི“འགྱུར་ལྡོག་བཞི”ནི། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་ནུས་ལྡན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐུལ་འདེད་དང་། འཕེལ་རྒྱས་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་བསྐྲུན། བརྟན་བརླིང་འགན་སྲུང་། ཏང་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ“ས་ཁུལ་གསུམ”འཛུགས་སྐྲུན་ལ་འགན་ལེན་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དེ་ཡིན། 

རེ་གཅིག  མིན་ཧི་ལགས་སྤྱི་ལོ1928ལོའི་ཟླ11པར་སྐྱེས་ཤིང་སྤྱི་ལོ1967ལོའི་ཟླ9བར་ཚེ་ལས་འདས།  ཁོང་ནི་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་ཁེར་ཚུགས་ཧྲིའི་མདའ་ཤོག་བཞི་པའི་རུ་ཤོག་གཉིས་པའི་སློབ་སྟོན་པ་གཞོན་པ་ཡིན།  ཁོང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་འབའ་ཚང་ཞིང་རར་སེར་བ་འགོག་པར་མེ་ཤུགས་འཕུར་མདའི་སྒྲིག་འཇུག་ལས་འགན་སྒྲུབ་སྐབས། འཐབ་གྲོགས་ལ་སྲུང་སྐྱོབ་བྱེད་ཆེད་རང་སྲོག་བློས་བཏང་། 1968ལོའི་ཟླ4བའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ། ཀྲུང་དབྱང་རིག་གསར་བཅས་ཀྱིས་མིན་ཧི་ལ“མའོ་ཀྲུའུ་ཞིའི་གསར་བརྗེའི་ལམ་ཕྱོགས་ལ་ཧ་ཅང་བློ་དཀར་བའི་ལས་བྱེད་པ་བཟང་པོ”ཞེས་པའི་མཚན་སྙན་བསྩལ།

རེ་གཉིས།  སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཞིར་བཟུང་ཏེ། སྤྱི་ལོ1938ལོའི་ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་གྲོས་ཚོགས་སྟེང་ནུབ་བྱང་ལས་དོན་ཨུ་ཡོན་ལྷན་ཚོགས་འཛུག་རྒྱུ་ཐག་བཅད་ཅིང་། ཧྲན་ཀན་ཉིན་མཐའ་མཚམས་ས་ཁུལ་ཕུད་པའི་ཧྲན་ཞི་དང་ཀན་སུའུ། ཉིན་ཞ། མཚོ་སྔོན་བཅས་ནུབ་བྱང་ས་ཁུལ་ཁག་གི་ཏང་གི་གསང་བའི་ལས་དོན་གཙོ་སྐྱོང་བྱས།

རེ་གསུམ།  སྤྱི་ལོ1939ལོར། འཇར་འགོག་རྒྱལ་སྐྱོབ་ལས་འགུལ་གྱི་ལས་ལ་ཞུགས་མཁན་སྐད་གྲགས་ཅན་གྱི་གློག་བརྙན་སྒྱུ་རྩལ་པ་ཀྲེན་ཅུན་ལི་དང་། གློག་བརྙན་མཛེས་རྩལ་མཁས་ཅན་ཧན་ཧྲང་ཡའེ་ཡིས་བཀའ་ལྟར་པར་ལེན་རུ་ཁག་ཞིག་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། རིགས་སོ་སོའི་མི་དམངས་ཀྱིས་མཉམ་འབྲེལ་སྒོས་འཇར་འགོག་གི་གློག་བརྙན《མི་རིགས་ཁྲི་ལོ་བརྟན་པར་ཤོག》བརྙན་བླངས། དེ་དང་ཆབས་ཅིག་ཟི་ལིང་སོགས་སུ་གཏམ་བརྗོད་ཟློས་གར《མཐའ་མཇུག་གི་ཐབས་ཇུས》འཁྲབ་སྟོན་བྱས།

རེ་བཞི།  སྤྱི་ལོ1941ལོའི་ཟླ5བའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་གིས་སྔོན་གྱི་ཀྲུང་དབྱང་ནུབ་བྱང་ལས་དོན་ཨུ་ཡོན་ལྷན་ཁང་དང་ཧྲན་ཀན་ཉིན་མཐའ་མཚམས་ས་ཁུལ་གྱི་ཀྲུང་དབྱང་ཅུའུ་གཉིས་བསྲེས་ནས། ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུའུ་བཙུགས་ཏེ་ནུབ་བྱང་ས་ཁུལ་ཧྲིལ་བོའི་ཏང་གི་ལས་དོན་ལ་གཅིག་གྱུར་གྱིས་མགོ་ཁྲིད་བྱས།

རེ་ལྔ།  སྤྱི་ལོ1951ལོའི་ཟླ12པའི་ཚེས19ཉིན། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའམ་ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུའུ་ཡི་ཧྲུའུ་ཅི་ཞི་ཀྲུང་ཞུན་གྱིས་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་དུ་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་ཕྱིར་བོད་ལྗོངས་སུ་སྐྱེལ་མ་བྱེད་པར་ཕེབས་པ་དང་ཆབས་ཅིག ཟི་ལིང་དུ་མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མི་དམངས་འཐུས་མི་ལ་སྐྱེལ་མའི་ཚོགས་ཆེན་འཚོགས།

རེ་དྲུག  སྤྱི་ལོ1958ལོའི་ཟླ10བའི་ཚེས2ཉིན་ནས་ཚེས5ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཞི་ཀྲུང་ཞུན་མཚོ་སྔོན་དུ་ཕེབས་ནས། ཚྭ་འདམ་གཞོངས་ཀྱི་ཐོན་ཁུངས་གསར་སྤེལ་དང་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་ཕྲའི་ངང་རྟོག་ཞིབ་གནང་།

རེ་བདུན།  སྤྱི་ལོ1960ལོའི་ཟླ1པོའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལྕགས་ལམ་དང་པོ་སྟེ། ཟི་ལིང་ནས་ཏ་ཐུང་བར་གྱི་ལྕགས་ལམ་ལེགས་འགྲུབ་བྱུང་ནས་མེ་འཁོར་ཤར་གཏོང་བྱས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ37ཡོད།

རེ་བརྒྱད།  སྤྱི་ལོ1965ལོའི་ཟླ12པའི་ཚེས13ཉིན། ཧོང་ཡོན་རྫོང་ཞའོ་གོ་ལིན་རུ་ཆེན་དེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཏ་ཀྲེ་ལ་སློབ་སྦྱོང་བྱེད་པའི་སྔོན་ཐོན་དཔེ་མཚོན་སྡེ་བར་བདམས།

རེ་དགུ  སྤྱི་ལོ1970ལོའི་ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་རང་གིས་བཟོས་པའི“མཚོ་སྔོན་པོ”རྟགས་ཅན་གྱི་རླངས་འཁོར་ལེགས་འགྲུབ་བྱུང་ཞིང་། ལྷུ་ལག་གཙོ་བོ་རང་གིས་ཐོན་སྐྱེད་བྱེད་ཚད84%ཟིན་ཡོད།

བདུན་ཅུ།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དང་ཀོས་ནན་རྫོང་གི་འབྲེལ་མཚམས་སུ་གནས་པའི་ཚ་རྔ་འགག་ཆུ་གློག་ས་ཚུགས་དེ་ནི་སྤྱི་ལོ1976ལོའི་ཟླ1པོའི་ཚེས28ཉིན་ལས་མགོ་ཚུགས་པ་དང་། སྤྱི་ལོ1987ལོར་འཕྲུལ་ཚན་དང་པོ་ནས་གློག་གཏོང་མགོ་བརྩམས། སྤྱི་ལོ1989ལོའི་ཟླ7པའི་ཚེས5ཉིན་བཟོ་སྐྲུན་ལེགས་འགྲུབ་བྱུང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་ཆུ་གློག་ས་ཚུགས་ཆེ་གྲས་དང་པོ་ཡིན་པ་དང་གླིང་ཆེན་ཨ་ཤེ་ཡའི་རྒྱ་ཁྱོན་ཆེས་ཆེ་བ་དང་མཚོ་ངོས་ལས་ཆེས་མཐོ་བའི་མིས་བཟོས་མཚེའུ་ཡིན།

དོན་གཅིག  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གཙོ་གཉེར་བྱས་པའི《གངས་རྒྱན་ན་ཆུང་ཚགས་པར》དེ། སྤྱི་ལོ1989ལོའི་ཟླ6པའི་ཚེས1ཉིན་ཐོག་མར་སྤེལ། དེ་ནི་རང་རྒྱལ་གྱི་བོད་རིགས་ས་ཁུལ་གྱི་ལོ་ཆུང་བྱིས་པར་ཕྱོགས་པའི་ཚགས་པར་དང་པོ་དང་རྒྱལ་ཡོངས་ཀྱི་བོད་ཡིག་ན་ཆུང་ཚགས་པར་གཅིག་པུའང་ཡིན།

དོན་གཉིས།  སྤྱི་ལོ2013ལོའི་ཟླ12པའི་ཚེས28ཉིན་ནས་ཚེས30ཉིན་བར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་སྟེང་། མིག་སྔར་དང་དེང་ཕྱིན་དུས་སྐབས་ཤིག་གི་རིང་ལ། ང་ཚོའི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་ལས་འགན་ནི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། “ཁུལ་གསུམ”ཧུར་ཐག་སྒོས་སྤེལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཞེས་གསལ་བོར་བསྟན།

དོན་གསུམ།  སྤྱི་ལོ2017ལོའི་ཟླ5བའི་ཚེས22ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས《“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་པར་འབད་འཐབ་བྱེད་དགོས》ཞེས་པའི་སྙན་ཞུ་ཕུལ། སྙན་ཞུའི་ནང“ད་ལྟའི་མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་ཡིན་ལ། སྐྱེ་ཁམས་ཐོན་ཁུངས་ནི་ཐོན་ཁུངས་ཆེ་ཤོས་དང་། སྐྱེ་ཁམས་ཀྱི་ལེགས་ཆ་ནི་ལེགས་ཆ་ཆེ་ཤོས། ལྗང་མདོག་འཕེལ་རྒྱས་ནི་འཕེལ་རྒྱས་ཆེ་ཤོས་ཡིན་པས། ང་ཚོས་མཚོ་སྔོན་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་བསུ་བཞིན་ཡོད་ལ་ང་ཚོའི་འགྲོ་ལམ་ཡང་སྔར་ལས་ཇེ་ཡངས་དང་ཇེ་བདེར་འགྲོ་སྲིད”ཅེས་བསྟན།

དོན་བཞི།  སྤྱི་ལོ2018ལོའི་ཟླ7པའི་ཚེས23ཉིན་ནས24ཉིན་བར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་།《སྐྱེ་ཁམས་སྲུང་སྐྱོང་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱུ་སྤུས་མཐོ་བའི་འཚོ་བ་འཕེལ་རྒྱས་སུ་གཏོང་བར་འབྲེལ་བའི་སྐོར་གྱི་བསམ་འཆར་འགའ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། དེང་གི་དུས་སྐབས་སུ་ནུས་ཤུགས་ཆེན་པོས"དོན་ཆེན་བཞི"ཡག་པོར་སྒྲུབ་དགོས་ཞེས་བསྟན། གཅིག་ནི་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་བྱེད་པའི་དོན་ཆེན་དེ་དར་སྤེལ་ཡག་པོ་གཏོང་དགོས་པ་དང་། གཉིས་ནི་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་དོན་ཆེན་དེ་ཡག་པོ་བསྒྲུབ་དགོས་པ་དང་། གསུམ་ནི་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་དོན་ཆེན་དེ་ཡག་པོ་གཉེར་དགོས་པ། བཞི་ནི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་དོན་ཆེན་དེ་དར་སྤེལ་གཏོང་དགོས་པ་བཅས་ཡིན།

དོན་ལྔ།  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། མཚོ་སྔོན་གྱིས་འཕེལ་རྒྱས་དོ་སྙོམས་རང་བཞིན་དང་བསྟུན་ཤེས་རང་བཞིན།  རྒྱུན་མཐུད་རང་བཞིན་བཅས་ཇེ་ཆེར་གཏོང་བའི་རྨང་གཞིའི་སྟེང་། 2020ལོར་སླེབས་སྐབས། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ2011ལོ་ལས་ལྡབ་གཅིག་འཕར་སྣོན་བྱས་ཏེ། མི་རེའི་ཆ་སྙོམས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་དང་བལྟོས་བཅས་ཀྱིས་ཧེ་བག་ཆུང་དུ་གཏོང་དགོས།

དོན་དྲུག 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད》ནང་། “སྲུང་སྐྱོང་དང་པོར་འཇོག་པ་དང་རང་བྱུང་སླར་གསོ་གཙོ་བོར་འཇོག་པ་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན། དེ་བཞིན་ཁོངས་གནས་ཆོས་ཉིད་གཞིར་བཟུང་ཏེ་རི་ཆུ་རྩྭ་གསུམ་དང་ཞིང་ས། ནགས་དང་མཚེའུ་བཅས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོར་ཤུགས་བསྣན་ཏེ། “སྲུང་ཡོལ་གཅིག་དང་ས་རྒྱུད་གཉིས”ཀྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། 2020ལོར་སླེབས་སྐབས། གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་ཁུལ་ཡོངས་ལ་ཁྱབ་ཐུབ་པར་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད།”

དོན་བདུན།  མཚོ་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ1956ཡོད་པ་དང་། སྤྱི་ལེ960ཡི་ལམ་ཐག་ཚང་མ་ས་བབ་མཚོ་ངོས་ལས་མཐོ་ཚད་སྨི4000བརྒལ་ཡོད་ཅིང་། སྤྱི་ལེ550ཡི་ས་མཚམས་སུ་ལོ་ཧྲིལ་བོར་ཁེངས་འཁྱག་གིས་བསྡམས་ཡོད་པས། འཛམ་གླིང་ཐོག་གི་ས་བབ་ཆེས་མཐོ་ཤོས་དང་ལམ་ཐག་ཆེས་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཡིན།

དོན་བརྒྱད།  “མཚོ་བོད་གཞུང་ལམ་གྱི་ཡབ་ཆེན”ཞེས་མཚན་སྙན་ལྡན་པའི་དམག་དཔོན་མུའུ་ཧྲེང་ཀྲུང་གིས་མཚོན་པའི་གཞུང་ལམ་བཟོ་སྐྲུན་དཔུང་ཆེན་གྱིས་དཀའ་སྡུག་ཉེན་གསུམ་ལ་མི་སྐྲག་པ་དང་། ཞུམ་མེད་མདུན་སྐྱོད་སྒོས་ཟླ་བདུན་དང་ཉིན་བཞིའི་རིང་མཚོ་བོད་གཞུང་ལམ་ལེགས་འགྲུབ་བྱུང་པ་ནི་ཀྲུང་གོ་གསར་པའི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་ལྡན་པའི་གསར་གཏོད་ཅིག་ཡིན།

དོན་དགུ  མཚོ་སྔོན་ཞིང་ཆེན་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་དུ་གནས་ཤིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པ་དང་། རང་རྒྱལ་གྱི་ཆུའི་འབྱུང་ཁུངས་དང་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཅེས་འབོད་ཀྱིན་ཡོད།

བརྒྱད་ཅུ།  མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་མིང་ཆ་ཚང་ནི་ཀྲུང་གོའི་མཚོ་སྔོན་གྱི་གྲུབ་ཆ་ལེགས་སྒྲིག་དང་མ་འཇོག་ཚོང་གཏམ་གྲོས་མོལ་ཚོགས་འདུ་ཡིན་ཞིང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ནི་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་ལེན་བསྟར་བའི་རྒྱབ་ལྗོངས་ཆེན་པོའི་འོག་སྒྲུབ་པ་དང་། སྤྱི་ལོ2000ལོ་ནས་བཟུང་གཉེར་མགོ་ཚུགས། སྐབས་དང་པོ་ནི་དམངས་གཉེར་ཁེ་ལས་ནུབ་བྱང་གི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་རྣམ་གྲངས་ཚོང་གཏམ་གྲོས་མོལ་ཚོགས་འདུ་ཡིན།

གྱ་གཅིག  སྤྱི་ལོ1952ལོའི་ཟླ3པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ར་རྒན་ནང་སྡེ་བའི་ཞིང་པ་ཧྲི་ཁྲུན་ཁེ་ཡིས་སྤྱི་ལོ1951ལོར་བཏབ་པའི་དཔྱིད་གྲོ་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ339ཟིན་པས། རྒྱལ་ཡོངས་ཀྱི་རྒྱལ་གཅེས་ཐོན་ལེགས་དཔེ་སྟོན་དུ་བདམས་ཤིང་ཀྲུང་དབྱང་ཞིང་ལས་པུའུ་ཡི་བྱ་དགའ་ཐོབ།

གྱ་གཉིས།  སྤྱི་ལོ1952ལོའི་ཟླ10བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་རྫོང་མན་ཆད་ཀྱི་ཆུས་མི་དམངས་སྲིད་གཞུང་ཐོག་མ་དེ་ཡུལ་ཤུལ་དུ་དངོས་སུ་བཙུགས། དེ་ནས་སྔ་རྗེས་སུ་མཚོ་སྔོན་འབྲོག་ཁུལ་གྱི་རྫོང་མན་ཆད་ཀྱི་ཆུས་སྲིད་དབང་བཙུགས།

གྱ་གསུམ།  ཧུའུ་ཀྲུའུ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་ཤིང་། ཀྲུང་གོའི་ཧོར་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན། ཧུའུ་ཀྲུའུ་རྫོང་ནི་སྤྱི་ལོ1930ལོའི་ཟླ9པར་བཙུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་སྤྱི་ལོ1954ལོར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་ཁུལ(རྫོང་རིམ་པ)བཙུགས་ཤིང་། སྤྱི་ལོ1955ལོའི་ཟླ6པར་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར། “ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང”དེ“ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང”དུ་བསྒྱུར།

གྱ་བཞི།  ལུའི་ཚུན་ཅེ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བོའུ་ཧྲི་ཤང་པན་ཡན་སྡེ་བར་སྐྱེས། ཁོ་མོ་ནི་རྒྱལ་ཡོངས་ཀྱི་བསྟུད་མར་སྐབས་གསུམ་ཀྲུང་གུང་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ལ་འདེམས་པའི་ཧོར་རིགས་ལས་བྱེད་པ་གཅིག་པུ་ཡིན། སྤྱི་ལོ1969ལོའི་ཟླ4པར། ཁོ་མོས་ཧུའུ་ཀྲུའུ་རྫོང་སུམ་མདོ་ཤང་འབུམ་ཁང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་ཡོད་སྐབས། ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མིར་བདམས་ཤིང་། ཟླ་དེའི་ཚེས24ཉིན། སྐབས་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལ་བདམས་པར་མ་ཟད། བསྟུད་མར་སྐབས་དགུ་པ་དང་བཅུ་པ། བཅུ་གཅིག་པ་བཅས་ཀྱི་ཀྲུང་གུང་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་ལ་བདམས།

གྱ་ལྔ།  མཚོ་སྔོན་སྣང་རའི་སྟོང་དཔོན་དབང་ཆེན་ལ་ཞི་བའི་བཅིངས་འགྲོལ་བརྩོན་ལེན་ཐེངས་བཅུ་བདུན་ལ་སྒྲུབ་མཁན་ནི། སྐབས་དེར་ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུའུ་ཡི་ཧྲུའུ་ཅི་དང་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞི་ཀྲུང་ཞུན་ཡིན། ཁོང་ནི་ཏང་གི་མི་རིགས་སྲིད་ཇུས་སྤྱད་དེ་ནུབ་བྱང་ས་ཁུལ་དུ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱས་པའི་མིག་དཔེ་བཟང་པོ་ཞིག་ཡིན།

གྱ་དྲུག  ཝུའུ་ཐེན་དབྱི་ནི་མཐོ་སྒང་གསོ་རིག་ཕྱོགས་ཀྱི་མཁས་ཅན་དང་ཞིབ་འཇུག་པ་ཡིན། མི་རིགས་ཐ་ཅི་ཁེ་རིགས་ཡིན་ཞིང་མཚོ་སྔོན་ས་གནས་ཚན་རིག་ཞིབ་འཇུག་སུའོ(མཚོ་སྔོན་མཐོ་སྒང་གསོ་རིག་སུའོ)ནས་ཐོན་པའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་པོ་ཡིན་པར་མ་ཟད། རང་རྒྱལ་གྱི་ཐ་ཅི་ཁེ་རིགས་ཀྱི་ཡོན་ཧྲི་དང་པོའང་ཡིན།

གྱ་བདུན།  ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ནི་ཀྲུང་གོའི་ས་ལར་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན།

གྱ་བརྒྱད།  སྤྱི་ལོ2016ལོའི་ཟླ4པའི་ཚེས13ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་སྐུལ་སློང་ཚོགས་ཆེན་འཚོགས་པ་དང་། སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་།

གྱ་དགུ  སྤྱི་ལོ2017ལོའི་ཟླ7པར། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས41པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྟེང《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཀོད་པས། མཚོ་བོད་མཐོ་སྒང་དུ་འཛམ་གླིང་རང་བྱུང་ཤུལ་བཞག་མེད་པའི་ལོ་རྒྱུས་མཇུག་རྫོགས།

དགུ་བཅུ།  སྤྱི་ལོ2020ལོའི་ཟླ12པའི་ཚེས30ཉིན། 《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”དང2035ལོའི་རྒྱང་རིང་དམིགས་འབེན་བསམ་འཆར》ནང“དཔལ་འབྱོར་རྣམ་པ་རིགས་བཞི”རྒྱས་བཤད་གསར་པ་བྱས། “དཔལ་འབྱོར་རྣམ་པ་རིགས་བཞི”གསར་བ་ནི་སྐྱེ་ཁམས་དཔལ་འབྱོར་དང་འཁོར་སྐྱོད་དཔལ་འབྱོར། གྲངས་གཞིའི་དཔལ་འབྱོར། ལས་སྟེགས་དཔལ་འབྱོར་བཅས་བཞི་བོ་ཡིན།

གོ་གཅིག  སྤྱི་ལོ2020ལོའི་ཟླ7པའི་ཚེས15ཉིན། མཚོ་སྔོན་ནས་ཧི་ནན་བར་གྱི་ཆན་ཧྥུའུ་ཐའེ±800ཐད་རྒྱུག་མཐོ་གནོན་གློག་ལམ་ལས་གཞིས་གློག་འདོན་པའི་མགོ་ཚུགས།

གོ་གཉིས།  སྤྱི་ལོ2020ལོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《“ཚད་ཐིག་གསུམ་དང་འཛིན་ཤོག་གཅིག”གི་སྐྱེ་ཁམས་ཁོར་ཡུག་གི་ས་ཁུལ་བགོ་བའི་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།“ཚད་ཐིག་གསུམ་དང་འཛིན་ཤོག་གཅིག”ནི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མ་མཐའི་ཚད་གཞི། ཐོན་ཁུངས་བེད་སྤྱོད་ཀྱི་མཐོ་མཐའི་ཚད་ཐིག་དང་སྐྱེ་ཁམས་ཁོར་ཡུག་ཚད་ལྡན་ཅན་དུ་འགོད་པའི་ཞིབ་ཐོ་བཅས་ཡིན།

གོ་གསུམ།  སྤྱི་ལོ2016ལོའི་ཟླ1པོའི་ཚེས25ཉིན། ཀྲུང་དབྱང་དྲིལ་སྒྲོག་པུས་ཀྲུང་དབྱང་བརྙན་འཕྲིན་ཁང་གི“དུས་རབས་ཀྱི་མིག་དཔེའི་ཡོངས་བསྒྲགས་ཚོམས་ཆེན”དུ་བརྙན་ཕབ་མཛད་སྒོ་བསྡུས་ཏེ། ཡུལ་དངོས་སུ《ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྐལ་བཟང་ལ“དུས་རབས་ཀྱི་མིག་དཔེའི”གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས》ཁྱབ་སྒྲོག་བྱས། བློ་མཐུན་སྐལ་བཟང་གི་ཡང་དག་པའི་ཕུགས་བསམ་དེ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་དང་། ལག་ཏུ་དབང་ཆ་ཆེན་པོ་ཡོད་དུས་སྒེར་དོན་མི་སྒྲུབ་པར། སེམས་ནང་ན་འཕེལ་རྒྱས་དོན་གཉེར་དང་དམངས་འཚོར་ཕན་འདོགས་བྲལ་མེད་བཟུང་ཞིང་། ལས་འཁྱུར་ངལ་གསོ་བྱས་ཀྱང་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་ཏེ་སྡོང་འཛུགས་ནགས་སྐྲུན་བྱས་པར་མ་ཟད། མང་ཚོགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་བྱས་རྗེས་བླ་མེད་བཞག་ཡོད་པས། རྒྱ་ཆེ་བའི་མང་ཚོགས་ཀྱི་ཁས་ལེན་དང་གོང་བཀུར་ཆེན་པོ་ཐོབ་ཡོད།

གོ་བཞི།  སྤྱི་ལོ2021ལོར་མཚོ་སྔོན་ཞིང་ཆེན་གྱི《སྲིད་གཞུང་གི་ལས་དོན་སྙན་ཞུ》ནང་། ལོ་ལྔའི་རིང་གི་འབད་འཐབ་ལོ་རྒྱུས་ཕྱིར་དྲན་བྱེད་སྐབས། གཙོ་འཛིན་གྱི་དགོངས་པ་ནི་འབད་འབུངས་མདུན་སྐྱོད་ཀྱི་རྩ་བའི་མཛུབ་ཁྲིད་ཡིན་པ་དང་། ཏང་གི་མགོ་ཁྲིད་ནི་དཀའ་ཁག་ལས་རྣམ་པར་རྒྱལ་བའི་སྲ་བརྟན་འགན་ལེན་ཡིན་ལ། མི་དམངས་ལ་གོང་བཀུར་བྱེད་པ་ནི་ལས་དོན་མཐའ་དག་གི་རིན་ཐང་དང་ཁ་ཕྱོགས་ཡིན་ཞེས་འཁོད་ཡོད།

གོ་ལྔ།  སྤྱི་ལོ2021ལོའི་ཟླ2པའི་ཚེས25ཉིན། རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བོའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བར་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་མིག་དཔེའི་མཚན་སྙན་སྤྲད། སྤྱི་ལོ2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་གྱི་པན་ཡན་སྡེ་བར་ཕེབས་ནས་ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྲོང་ཚོ་གསར་པའི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་མྱོང་།

གོ་དྲུག  སྤྱི་ལོ2021ལོའི་ཟླ3པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་དགོས་པ་དང་བློ་བརྟན་འགྱུར་མེད་སྒོས་དམངས་འཚོའི་བདེ་སྐྱིད་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

གོ་བདུན།  སྔར་ལས་ལྷག་པར་རྩྭ་ཐང་སྲུང་སྐྱོང་དང་དོ་དམ། ཉམས་གསོ་ལ་ཤུགས་སྣོན་པ་དང་། རྩྭ་ཐང་སྐྱེ་ཁམས་བདེ་འཇགས་དོ་དམ་ལམ་ལུགས་གསར་གཏོད་བྱས་ཏེ་ཁོངས་གཏོགས་ས་ཆའི་འགན་འཁུར་དགོས་པར་གཏན་ཕེབས་བྱས། སྤྱི་ལོ2020ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སུ་ཐོག་མར“རྩྭ་སྲུང་ལམ་ལུགས”ཚོད་ལྟའི་བྱ་བར་སྐུལ་འདེད་བཏང་ །

གོ་བརྒྱད།  མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པའི་སྤྱིའི་དམིགས་ཚད་ལས་འགན་ནི། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས། སྤྱི་ལོ2020ལོར་སླེབས་སྐབས། སྤྱིའི་ཆ་ནས་རྒྱལ་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཕྱོགས་སུ་སྐྱོད་ཐུབ་པ་བྱ་རྒྱུ་དེ་ཡིན། 

གོ་དགུ  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། མཚོ་སྔོན་གྱིས་གཙོ་གྲུབ་བྱེད་ནུས་ཁུལ་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྣེ་ཁྲིད་འོག  ཧུར་ཐག་སྒོས“ཁུལ་གསུམ་རྒྱུད་གཅིག”གི་ཞིང་ཕྱུགས་ལས་འཕེལ་རྒྱས་རྣམ་པ་དང་། “ལྟེ་བ་གཅིག་དང་ཁྱུ(ཁུལ)གཉིས”གཙོ་གྲུབ་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་བཟོ་ལས་ཅན་འཛུགས་སྐྲུན་བྱ་རྒྱུ་རེད།

བརྒྱ་ཐམ་པ། 《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཆར་འགོད(སྤྱི་ལོ2014ལོ་ནས་སྤྱི་ལོ2020)》ནང་། ཟི་ལིང་གི་ལྟེ་བའི་གྲོང་ཁྱེར་གྱི་ཚོང་འདུས་ཁྱབ་འགྱེད་སྐུལ་ཁྲིད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། མཚོ་ཤར་གྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རིམ་བཞིན་ཐུན་རིན་དང་ཁྲི་ཀ མིན་ཧོ། ཧུའུ་ཀྲུའུ་བཅས་གསར་དར་གྲོང་ཁྱེར་འཕེལ་རྒྱས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ35འཛུགས་སྐྲུན་བྱ་རྒྱུ་བསྟན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།