འབྲི་སྟོད་ཀྱིས་ཏང་ཡོན་སློབ་གསོའི་ཤེས་བྱ་སློབ་སྦྱོང་བྱེད་པའི་ཐབས་ལམ་གསར་པ་བཏོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོ་རིམ་སྤོར་ཚུལ་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྫོང་དང་གྲོང་གསེབ(སྡེ་ཁུལ)བཅས་རིམ་གསུམ་མཉམ་འགུལ་དང་། ཕན་ཚུན་སྤེལ་རེས། དྲ་ཐོག་དོ་དམ་བཅས་ཀྱི་ཏང་འཛུགས་སྐྲུན་ཐད་གཏོང་རླངས་འཁོར་བསྐྲུན་ནས། ཏང་ཡོན་རྒྱང་ཁྲིད་སློབ་གསོའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཕུགས་ཕན་ལམ་སྲོལ་བཙུགས་ཏེ་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་རྒྱང་ཁྲིད་སློབ་སྦྱོང་སློབ་གསོའི་ནང་ཧུར་ཐག་གིས་ཞུགས་ཐུབ་པར་བྱས།

རྒྱང་བསྟེན་སློབ་གསོའི་ཁྱབ་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་གང་ལེགས་དང་། ཆ་འཕྲིན་དྲ་སྦྲེལ་ཅན་གྱི་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ། གསོ་སྦྱོང་གི་མ་གནས་དམའ་རུ་གཏོང་བ་དང་། ལས་ཕྱོད་ཆེ་རུ་གཏོང་བ། ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་ཡོན་གྱི་སློབ་གསོའི་གོ་ཆོད་རང་བཞིན་དང་དམིགས་སའི་རང་བཞིན། མཉམ་འགུལ་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཏང་ཡོན་རྒྱང་བསྟེན་སློབ་གསོའི་ས་ཚིགས་སྒྲིག་སྦྱོར་བྱས་པའི་ལས་ཁུངས་དང་སྡེ་ཁག57ཡོད་པ་དེ་དག་བེད་སྤྱོད་བྱེད་མགོ་བརྩམས་པ་མ་ཟད། ས་ཚིགས་དོ་དམ་མི་སྣའི་ཐོ་འགོད་དོ་དམ་ལམ་ལུགས་ཀྱང་བཙུགས་ཤིང་། རྒྱང་བསྟེན་སློབ་གསོའི་རྒྱུན་གཏན་སྦྱོང་སྤྱོད་དང“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་མཉམ་འདྲེས་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་ནས། དོན་དངོས་ཀྱིས་གཞི་རིམ་ཏང་ཡོན་ལ་ཏང་ནང་འཚོ་བ་སྐྱེལ་ཡུལ་བར་སྣ་མང་ཅན་གྱི་སྲ་བརྟན་གྱི་ཞབས་འདེགས་བསྐྲུན་ཡོད།

དྲ་ཐོག་དང་དྲ་ཕྱིའི་ཐོན་ཁུངས་བསྡུ་སྒྲིལ་དང་རྒྱང་བསྟེན་སློབ་གསོའི་མཐའ་སྣེའི་ས་ཚིགས་ཚང་མ་བསྡུ་སྒྲིལ་བྱས་ཏེ། གཞི་རིམ་ཏང་ཡོན་ལ་རྒྱང་བསྟེན་སློབ་གསོའི་ཐད་གནས་པའི་ས་རྒྱ་ཆེ་བ་དང་། མི་སྣ་གཅིག་སྡུད་དཀའ་བ། ཐོན་ཁུངས་མཉམ་སྤྱོད་དཀའ་བ་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་དགོས། རྫོང་ཁོངས་ཀྱི་ཏང་འཛུགས་སྐྲུན་གྱི་ལས་སྟེགས་སྣ་ཚོགས་སོགས་ཆ་འཕྲིན་ཅན་གྱི་གཞི་རྟེན་ལ་བརྟེན་ནས། ཏང་དོན་ཆུང་གྲས་དང་ཏང་གི་སློབ་ཁྲིད་ཆུང་གྲས་སོགས་ཀྱི་ནང་དོན་འོས་སྦྱོར་བྱས་ཏེ། རྒྱང་བསྟེན་གསོ་སྦྱོང་དང་། བརྙན་འཕྲིན་ཚོགས་འདུ། དྲིལ་བསྒྲགས་ཞབས་ཞུའི་ནུས་པ་བཅས་གཞི་གཅིག་ཏུ་འདུས་པའི“དྲ་སྦྲེལ”རྒྱང་བསྟེན་སློབ་སྦྱོང་སློབ་གསོའི་རྣམ་པ་ཆགས་ནས། ཏང་ཡོན་སློབ་གསོའི་ལས་དོན་དེ་གཅིག་སྡུད་རྣམ་པ་དང་། དུས་མཚམས་རང་བཞིན་ནས་ཁ་ཐོར་ཅན། རྒྱུན་གཏན་རང་བཞིན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་བ་དང“ཚོགས་འདུའི་དུས་ཡུན་ཕྱེད་ཀ་རིང་གི་བརྡ་ཐོ་གཏོང་བའི”སྲོལ་རྒྱུན་ཚོགས་འདུ་དང་། གསོ་སྦྱོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་བས་ཚོགས་འདུའི་མ་གནས་དམའ་རུ་ཕྱིན་པ་མ་ཟད། བྱ་བའི་ལས་ཕྱོད་མཐོ་རུ་ཕྱིན་ནས། ཏང་ཡོན་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་འཕེལ་རྒྱས་སུ་ཕྱིན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།