ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཏང་ནང་ཁུལ་གྱི་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2021ལོའི་ཟླ6པའི་ཚེས5ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་གུང་ཁྲན་ཏང་ཡོན་གྱི་མི་གྲངས་ཁྲི42.53ཡོད་པ་དང་། དེ2019ལོའི་ལོ་མཇུག་བར་དང་བསྡུར་ན་ཏང་ཡོན་གྱི་མི་གྲངས་ཁྲི2.29ཇེ་མང་དུ་སོང་ཡོད། མཚོ་སྔོན་ཞིང་ཆེན་དུ་ད་ལྟ་ཏང་གི་གཞི་རིམ་རྩ་འཛུགས་ཁྲི2.16ཡོད་ཅིང་། དེ2019ལོའི་ལོ་མཇུག་དང་བསྡུར་ན་རྩ་འཛུགས་ཁྲི0.05ཇེ་མང་དུ་སོང་ཡོད། དེའི་ཁྲོད་གཞི་རིམ་གྱི་ཏང་ཨུ་ཁྲི0.15ཡོད་པ་དང་། སྤྱི་ཁྱབ་ཏང་ཀྲི་པུའུ་ཁྲི0.07ཡོད་དེ། ཏང་ཀྲི་པུའུ་ཁྲི1.93བཅས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་སྔོན་ཞིང་ཆེན་དུ་གུང་ཁྲན་ཏང་ཡོན་ཁྲི42.53ཡོད།