མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་གཟེངས་བསྟོད་ཚོགས་ཆེན་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས། 2020ལོའི་ལོ་འཁོར་གྱི་ཏང་ནང་གི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”དང་། ཕུལ་བྱུང་གཞུང་ཞབས་པ། ཕུལ་བྱུང་ལས་དོན་ལས་ཁུངས་ཀྱི་ལས་དོན་མི་སྣ། ཕུལ་བྱུང་ལས་བརྩོན་མི་སྣ། བཟོ་ཚོགས་ཀྱི་ཧུར་བརྩོན་མཁན་བཅས་ལ་གཟེངས་བསྟོད་བྱས།

ཚོགས་འདུའི་ཐོག་གསར་དུ་ཏང་ནང་ཞུགས་པའི་ཏང་ཡོན་གྱིས་དམ་བཅའ་བཞག་པ་དང་། ཏང་ཡོན་ཡོངས་ཀྱིས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས། གཟི་བརྗིད་མཚན་སྙན་ཐོབ་པའི་སྔོན་ཐོན་ཏང་ཀྲི་པུའུ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པ། བཟོ་ཚོགས་ཧུར་བརྩོན་མཁན། ཕུལ་བྱུང་གཞུང་ཞབས་པ། ཕུལ་བྱུང་བྱ་གཞག་ལས་ཁུངས་ཀྱི་ལས་དོན་མི་སྣ། ཕུལ་བྱུང་ལས་བརྩོན་མི་སྣ་སོགས་ལ་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་པ་དང་། ཏང་ལོ་ལྔ་བཅུར་སླེབས་པའི་སྒྱུ་རྩལ་པ་གྲགས་ཅན་རྒན་གྲས་ལ་དྲན་གསོའི་རྟགས་མ་སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།