མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི“གདོང་ལེན་ཏང་ཡོན”ཁྲི2.6བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཏང་ཡོན་ཁྲོད་ནས“གདོང་ལེན་ཏང་ཡོན”ཁྲི2.6བདམས་ནས“གདོང་ལེན་ཏང་ཡོན”གྱི་མཚོན་རྟགས་སྤྲད། 

“གདོང་ལེན་ཏང་ཡོན”དཔྱད་འདེམས་བྱེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རྒྱ་ཆེའི་རོང་འབྲོག་ཏང་ཡོན་རྣམས་ལ་ཐོབ་ཐང་གསལ་སྟོན། མིག་དཔེ་འདོན་པ། དཔེ་མཚོན་འཛུགས་པ་བཅས་ཀྱི་སློབ་གསོའི་ཁྲིད་སྟོན་བྱས་ཏེ། ཏང་ཡོན་གྱི་འདུ་ཤེས་འཛིན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཏང་ཡོན་གྱི་ཐོབ་ཐང་ཡིད་ལ་དམ་པོར་འཛིན་པ། ཏང་ཡོན་གྱི་འོས་འགན་སྒྲུབ་པ་བཅས་བྱེད་དགོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་དང་བསྡུར་སློབ་བསྙེགས་བརྒལ་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་སུ་འཇུག་པ། རྒྱ་ཆེའི་རོང་འབྲོག་ཏང་ཡོན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཞུགས་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་བ།  རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱི་ནུས་པ། འཐབ་འཛིང་ནུས་པ་བཅས་ཆེ་རུ་བཏང་ནས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་སྲ་བརྟན་གཏོང་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་དགོས། དཔྱད་འདེམས་བྱེད་སྒོས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམངས་གཙོའི་འོས་སྦྱོར་ལ་བརྩི་འཇོག་བྱེད་པ་མ་ཟད། རྫོང་དང་ཤང་རིམ་པ་གཉིས་ཀྱི་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་སྲུང་བའི་ནན་བཤད་ཀྱང་བྱེད་པ། ཀྲི་པུའུ་ཡིས་འོས་སྦྱོར་དང་། ཤང་དང་གྲོང་རྡལ་གྱིས་ཞིབ་བཤེར། རྫོང་རིམ་པས་བསྐྱར་ཞིབ། མཚོན་བྱང་སྤྲོད་པ་བཅས་ཀྱི་ལྷུ་ཚིགས་དང་གོ་རིམ་བཞི་གཞིར་བཟུང་། དཔྱད་འདེམས་བྱས་པའི“གདོང་ལེན་ཏང་ཡོན”ལ་གཅིག་གྱུར་དོ་དམ་དང་འགུལ་རྣམ་ལེགས་སྒྲིག་བཅས་བྱས་ཏེ། སྔོན་ཐོན་རང་བཞིན་དང་དཔེ་མཚོན་རང་བཞིན་འགན་ལེན་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།