ཟི་ལིང་གྲོང་ཁྱེར་གྱི་ནན་ཁྲོན་སྤྱི་གླིང་ཟླ7པའི་ཚེས1ཉིན་སྒོ་ཕྱེ་བ།

src=http___5b0988e595225.cdn.sohucs.com_images_20200410_8ce71422e50641869b309973a54d218a.jpeg&refer=http___5b0988e595225.cdn.sohucs.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་ནན་ཁྲོན་སྤྱི་གླིང2020ལོའི་ཟླ3པ་ནས་བཟུང་སྐྲུན་མགོ་ཚུགས་པ་དང་། 2021ལོའི་ཟླ7པའི་ཚེས1ཉིན་འཛུགས་སྐྲུན་རྣམ་གྲངས་ཚང་མ་ལེགས་འགྲུབ་བྱུང་བ་མ་ཟད། སྒོ་ཕྱེ་ནས་གྲོང་མི་རྣམས་སྣེ་ལེན་བྱེད་མགོ་བརྩམས། 

src=http___5b0988e595225.cdn.sohucs.com_images_20180206_bc7fa8bc72824800914bc2b5cf244f1c.jpeg&refer=http___5b0988e595225.cdn.sohucs.jpeg

ནན་ཁྲོན་སྤྱི་གླིང་ས་ཁོངས་བྱང་ནས་ནན་ཁྲོན་བར་གྱི་དབྱི་སི་ལམ་ཆོས་ཁང་དང་། ལྷོ་ཕྱོགས་ནས་ནན་ཁྲོན་ཟམ་པ་བར་ཡིན་ལ། རྣམ་གྲངས་ཀྱི་ས་ཁྱོན་སྤྱི་ཆིང12.2ཟིན་པ་དང་། སྤྱི་གླིང་འཛུགས་སྐྲུན་བྱས་པ་དེས་ཟི་ལིང་གྲོང་ཁྱེར་གྱི་ལྗང་ལམ་འཆར་འགོད་ཁྲོད“རྒྱུད་གཅིག་སྐོར་ལམ་གཉིས”ཀྱི་རྒྱུད་སྣེ་གཅིག་སྟེ། ནན་ཁྲོན་ཆུ་བོའི་རྒྱུད་ཀྱི་པིན་ཧོ་ལྗང་ལམ་མ་ལག་ཡིན། སྐྱེ་ཁམས་འདུ་ཤེས་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་རྩི་ཤིང་གི་མཛེས་ལྗོངས་གསར་སྐྲུན་བྱས་ཏེ། སྤང་ལྗོངས་ཀྱི་རྒྱ་ཁྱོན་ཆེ་རུ་བཏང་བ་དང་། མི་དང་རྩི་ཤིང་། སྐྱེ་ཁམས་ཁོར་ཡུག གནོད་འཚེ་སྔོན་འགོག་སོགས་ཀྱི་ནུས་པ་མཐོ་རུ་བཏང་བ་རེད། ནན་ཁྲོན་སྤྱི་གླིང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་ལྟེ་བར་བྱས་ཏེ་མཛེས་ལྗོངས་བརྐོས་མ《ནུབ་ལམ་དམག་མིའི་བླ་སྲོག》དང་འབུར་བརྐོས《མི་དམངས་ཀྱི་དཔའ་བོ》གསར་སྐྲུན་བྱས་ཡོད་པ་མ་ཟད།  དྲན་གསོའི་བང་སོའི་སྐྱེད་ཚལ་དང་དྲན་གསོའི་ཐང་ཆེན་གྱི་འཁོར་མདའི་དྲན་གསོའི་བར་སྣང་གྲུབ་ཆ་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ལོ་རྒྱུས་རྒྱུན་འཛིན་དང་རིག་གནས་དར་སྤེལ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་ཁྱད་ལྡན་སྤྱི་གླིང་དར་སྤེལ་བཏང་སྟེ། ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་བླ་སྲོག་མི་རྣམས་ཀྱི་རྗེས་དྲན་བྱེད་ཡུལ་དུ་གྱུར།  །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།