ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཆེས་གསར་བའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོའི་ཟླ6པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་གུང་ཁྲན་ཏང་ཡོན་གྱི་སྤྱི་གྲངས་ཁྲི42.53ཡོད་པ་དང་། ཏང་གི་གཞི་རིམ་ཏང་རྩ་འཛུགས་སྤྱི་གྲངས་ཁྲི2.16ཡོད། 1926ལོོ་ནས་བཟུང་མཚོ་སྔོན་གྱིས་ཏང་གི་རྩ་འཛུགས་ཨང་དང་པོ་སྤེལ་བ་ནས1950ལོའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་ཏང་ཀྲི་པུའུ་གསར་དུ་ཚུགས་པའི་བར། དེ་ནས་དེང་གི་ཁྱབ་ཁོངས་སོ་སོ་དང་། ལས་རིགས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དུ་ཆེ་རུ་སོང་བའི་བར། ཏང་གི་རྩ་འཛུགས་མ་ལག་སྔར་ལས་འཐུས་ཚང་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་མགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་མུ་མཐུད་དུ་མཐོར་འདེགས་བྱུང་།
ཏང་ཡོན་གྱི་གྲངས་ཀ་གཏན་འཇགས་ངང་འཕར་བ། ཞིང་ཆེན་ཡོངས་ཀྱི་གུང་ཁྲན་ཏང་ཡོན་གྱི་སྤྱི་གྲངས་དེ2019ལོའི་ལོ་མཇུག་བར5.7%འཕར། 2020ལོའི་ཏང་ཡོན་ཁྲི1.73ཡོད་པ་དང་། 2021ལོའི་ཟླ1པོའི་ཚེས1ཉིན་ནས་ཟླ6པའི་ཚེས5ཉིན་ཏང་ཡོན་ཁྲི1.1ལ་འཕར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་འདིར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སོ་སོ་དང་ལས་རིགས་སོ་སོའི་སྔོན་ཐོན་ལས་མི་ཡིས་ཏང་རྩ་འཛུགས་ལ་ཕྱོགས་ཏེ། ཏང་ནང་དུ་རེ་ཞུ་བྱེད་མཁན་ཁྲི5.53ཡོད་པ་དང་། ཏང་ནང་དུ་ཞུགས་པའི་མི་ཁྲི3.43ལ་སླེབས་པ་དེས་ཏང་རྩ་འཛུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མཚོན།
ཏང་ཡོན་དཔུང་ཁག་གི་སྒྲིག་གཞི་མུ་མཐུད་དུ་ཇེ་ལེགས་སུ་སོང་། ཞིང་ཆེན་ཡོངས་ཀྱི་ལོ་ན35མན་གྱི་ཏང་ཡོན་ཁྲི9.95ཡོད་པ་དང་། དེས་ཏང་ཡོན་སྤྱིའི་མི་གྲངས་ཀྱི23.39%ཟིན་ཞིང་། 2019ལོའི་ལོ་མཇུག་ལས་བརྒྱ་ཆའི1.6མཐོ་རུ་སོང་བ་དང་། ན་གཞོན་ཏང་ཡོན་མི་སྣ་འཕར་བསྣོན་བྱུང་། སློབ་ཆེན་འབྲིང་རིམ་སློབ་མའི་ཡན་གྱི་བསླབ་གནས་ཀྱི་ཏང་ཡོན་ཁྲི21.49ཡོད་པ་དང་། དེས་ཏང་ཡོན་སྤྱིའི་མི་གྲངས་ཀྱི50.52%ཟིན་ལ། 2019ལོའི་ལོ་མཇུག་ལས་བརྒྱ་ཆའི་ཚེག2.2ཇེ་མཐོ་རུ་སོང་། ཏང་ཡོན་དཔུང་ཁག་གི་རིག་གནས་ཚད་གཞི་རིམ་བཞིན་མཐོ་རུ་སོང་། བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་བསྡུར་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་ནས། རོང་འབྲོག་པའི་ཏང་ཡོན་སྔར་བཞིན་ཏང་ཡོན་དཔུང་སྡེ་ཡི་གཙོ་གཞི་རེད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དཔུང་སྡེ་ཡི་སྒྲིག་གཞི་ཇེ་ལེགས་སུ་བཏང་།