མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་བདུན་གཅིག་གཟེངས་བསྟོད་ཚོགས་ཆེན་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས29ཉིན།  མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང“བདུན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས།  ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་པ།  སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱས་པ་མ་ཟད།  “ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་བ་བྱེད་པའི་བདུན་གཅིག་གི་བསྟོད་གླུ་ཏང་ལ་ཕུལ་བའི”བྱ་འགུལ་སྤེལ། 

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་རྗེས་དྲན་བྱེད་པ་ནི་སྔར་ལས་ལྷག་པར་རྒྱུན་འཛིན་བྱ་ཆེད་ཡིན་ཞིང་།  རྒྱུན་འཛིན་བྱེད་པ་ནི་ཏང་གི་གཟི་བརྗིད་ལྡན་པའི་བྱ་གཞག་རྒྱུན་མཐུད་ངང་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་བ་དང་།  ཉེ་རབས་ནས་བཟུང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ།  བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པ།  གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ།   གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ།  སྔོན་བྱོན་པ་ཚོའི་རྗེས་ཤུལ་བརྒྱུད་དེ་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་པ་དང་།  གསར་འབྱེད་གསར་གཏོད་བྱས་ནས་དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་བྱ་གཞག་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་དགོས་པ་བསྟན།  ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།