ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཝོའུ་ཞའོ་ཅུན་སོགས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གྱིས“བདུན་གཅིག”བསླེབ་ལ་ཉེ་དུས་ཞལ་བཅར་ཁམས་འདྲིའི་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱའི་འཁྲུངས་སྐར་བསླེབ་ལ་ཉེ་བའི་སྐབས་འདིར། ཏང་ཀྲུང་དབྱང་གི་བྱ་བའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུ་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝོའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་སོ་སོ་བཅས་རང་རང་ས་ནས་རང་ཞིང་གི་ཏང་ནང་དུ་གཟི་བརྗིད་དཔང་རྟགས་ཐོབ་པའི་ཏང་ཡོན་དང་། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་པ། ལས་བྱེད་རྒན་པ། སྔོན་གཤེགས་དཔའ་བོའི་རྗེས་རབས་པ། གཞུང་དོན་དུ་སྐུ་སྲོག་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་བཅས་ལ་གཟིགས་སྐྱོང་ཁམས་འདྲིར་ཕེབས་ཏེ། ཏང་ལོ50ལ་སླེབས་པའི་ཏང་ཡོན་ལ“གཟི་བརྗིད་ལྡན་པའི་ཏང་ནང་གི་ལོ་ངོ50”ཞེས་པའི་རྗེས་དྲན་རྟགས་མ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་རྗེ་དང་དྲོད་ཁོལ་བསྐྱལ།

ཝང་ཅན་ཅུན་ཏང་ཡོན་རྒན་པ་དང་ལས་བྱེད་རྒན་པ་སངས་རྒྱས་རྒྱལ་ཚང་ལ་ཕེབས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་བྱ་བར་རྟོག་ཞིབ་གནང་སྐབས་ལས་འཁྱེར་ངལ་གསོ་གནང་ཟིན་པའི་ཞིང་ཆེན་པུའུ་རིམ་པའི་བློ་མཐུན་རྒན་པར་ཐུགས་བརྩེ་བའི་ཁམས་འདྲི་གནང་བ་བརྒྱུད་སྒྲོག་བྱས་པ་དང་། ཁོང་ཚོས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་ཁྲོད་མཛད་རྗེས་གལ་ཆེན་བཞག་པར་ཐུགས་རྗེ་ཆེ་ཞུས། ཝང་ཅན་ཅུན་གྱིས་གསུང་དོན། ཁྱེད་ཉིད་ལས་གནས་གང་དུ་ཡོད་ཀྱང་སློབ་སྦྱོང་ལ་ནན་ཏན་དང་ལས་དོན་ལ་འབད་བརྩོན་གནང་བ་དང་། ལས་གནས་དང་བྲལ་རྗེས་ད་དུང་ནུས་པ་གང་ལེགས་བཏོན། ལོ་ངོ60ལ་ཉེ་བའི་གསར་བརྗེའི་བརྒྱུད་རིམ་དང་། ལོ་ངོ50ལ་ཉེ་བའི་ཏང་ནང་གི་མི་ཚེ་ཁྲོད། གདོང་མཆོངས་མིག་དཔེ་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། དུས་སྐབས་མི་འདྲ་བ་དང་དུས་རིམ་མི་འདྲ་བའི་ནང་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་ལ་མཛད་རྗེས་གལ་ཆེན་བཞག ཁྱེད་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་དང་། ཆབ་སྲིད་ཀྱི་སྤྲོ་བ། ཏང་ལ་བཟུང་བའི་བབ་ཆགས་ཀྱི་བརྩེ་སེམས་བཅས་ནི་བསམ་པའི་རྒྱུ་ནོར་རིན་ཐང་བྲལ་བ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་མི་ལོ་བརྒྱའི་ལོ་ཟླ་བརྒྱུད་ཅིང་། ཏང་གི་ལོ་རྒྱུས་ནི་ཏང་དང་མི་དམངས་ཀྱིས་གསར་གཏོད་དང་གསར་དུ་བྲིས་པ་ཡིན་ལ། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་ནི་མི་རབས་ཕྲེང་བརྒྱུད་ཀྱི་མིས་མུ་མཐུད་དུ་འབད་འཐབ་བྱས་པའི་བརྒྱུད་རིམ་ཡིན། དུས་རབས་གསར་པར་སྐྱོད་པ་དང་། མགོ་རྩོམ་ས་གསར་པའི་སྟེང་འགྲེང་བ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཡིད་ལ་དམ་པོར་འཆང་བ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མཚོ་སྔོན་གྱི་ལས་དོན་ཁག་སྐས་རིམ་གསར་པར་སྤོ་བར་འབད་པ་ཆེན་པོས་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་འཕེལ་རྒྱས་ཇེ་བཟང་ཇེ་ལེགས་སུ་འགྲོ་བ་དང་། མཚོ་སྔོན་རིགས་སོ་སོའི་མི་དམངས་རྣམས་ཀྱི་འཚོ་བ་ཇེ་བཟང་ཇེ་ལེགས་སུ་འགྲོ་རུ་འཇུག་དགོས་ཞེས་གསུངས། ཝང་ཅན་ཅུན་གྱིས་སངས་རྒྱས་རྒྱལ་གྱི་འབྱུང་ཁམས་བདེ་ཞིང་ཚེ་ཐག་རིང་བ། བདེ་སྐྱིད་ཀྱི་ཚེ་མཇུག་ཅིག་བསྐྱལ་ཐུབ་པའི་སྨོན་འདུན་ཞུས། 

ཞིན་ཁྲང་ཞིང་སྔ་རྗེས་སུ་ཏང་ཡོན་རྒན་པ་ཁྲིན་ཡེ་དང་། སྔོན་གཤེགས་དཔའ་བོའི་རྗེས་རབས་པ་ཝང་ཆིན་ཧྲན། ཏང་ནང་གི་གཟི་བརྗིད་དཔང་རྟགས་ཐོབ་པའི་ཝང་ཧེ་ཐའོ་བཅས་ཀྱི་ཁྱིམ་དུ་ཕེབས་ཏེ་འཚམས་འདྲི་གནང་ཞིང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་ཁོང་ཚོ་ལ་སྐྱེས་སྐར་གྱི་རྟེན་འབྲེལ་ཞུས། དགུང་ལོ81ལ་སླེབས་པའི་ཏང་ཡོན་རྒན་པ་ཁྲིན་ཡེ་ཚང་ནས། ཞིན་ཁྲང་ཞིང་གིས་ཁོང་ལ“གཟི་བརྗིད་ལྡན་པའི་ཏང་ནང་གི་ལོ་ངོ50”ཞེས་པའི་རྗེས་དྲན་དཔང་རྟགས་བཏགས་པ་དང་། སྙིང་ཉེ་བའི་སྒོ་ནས་འཚོ་བའི་སྐོར་གླེང་མོལ་མཛད། ཁྲིན་ཡེ་ནི་དུས་ཡུན་རིང་པོར་སློབ་དེབ་རྩོམ་སྒྲིག་བྱ་བ་གཉེར་བའི་སློབ་གསོའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པར་རྟོགས་སྐབས། ཞིན་ཁྲང་ཞིང་གིས་སེམས་འགུལ་ཐེབས་བཞིན་གསུང་དོན། སློབ་དེབ་ནི་སློབ་གསོའི་རྩ་བའི་གཞི་འཛིན་ས་ཡིན་ལ། རྩ་བ་གསོ་ཞིང་བླ་སྲོག་སྐྱོང་བ་དང་། ཤེས་རབ་དང་སྙིང་རྗེ་འཕེལ་བའི་ཐེག་གཟུགས་གལ་ཆེན་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་དེབ་རྩོམ་སྒྲིག་བྱ་བར་མཐོང་ཆེན་མཛད་དེ། ཆེད་དུ་མི་རིགས་སློབ་གསོའི་པར་སྐྲུན་ཁང་གི་བློ་མཐུན་རྒན་པར་འཕྲིན་ལན་སྤྲིངས་པ་ལས་རེ་བ་ཆེན་པོ་བཏོན་ཡོད། ཁྱེད་ཀྱིས་ཏང་གི་བཀའ་མཉན་ཅིང་ཏང་གི་རྗེས་སུ་འབྲངས་ཏེ། ཁེ་དང་སྙན་གྲགས་ལ་མི་བསམ་པར་སློབ་གསོའི་ལས་དོན་ཁྲོད་ཆེས་རྨང་གཞི་དང་། ཆེས་གལ་ཆེ་བ། ཆེས་སྲོག་ཤིང་ཡིན་པའི་བྱ་བ་བསྒྲུབས་ནས། མི་ཚེ་གང་པོ་ཏང་གི་སློབ་གསོའི་བྱ་གཞག་ལ་བསྟུམས། ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྐབས་འདིར། ང་ཚོས་ཁྱེད་ལ་ལྷག་བསམ་རྣམ་དག་གིས་ཁམས་འདྲི་དང་། ཁྱེད་ཉིད་སྐུ་ལུས་བདེ་ཞིང་ཚེ་ཐག་རིང་བ། ཚེ་མཇུག་སྐྱིད་པོ་ངང་བསྐྱལ་ཐུབ་པའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས། 

བསྟུད་མར་ཉིན་འདི་དག་གི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་། ཐིན་ཅ་ཚའེ། ལི་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལེ། མཱ་ཅི་ཞའོ། ཡན་པའེ། ཁྲིན་རུའེ་ཧྥིན། ལིའུ་ཀེ་ཕིང་། ཝང་ལི་མིང་བཅས་སོ་སོ་ནས་ཏང་ནང་དུ་གཟི་བརྗིད་དཔང་རྟགས་ཐོབ་པའི་ཏང་ཡོན་ཏུང་ཧྲོ་མའེ། ལོའུ་ཧུང་དབྱིན། ཁྲིན་ཧྥིན་ལཱེན། ཏན་གོ་ཀྲོ། ཧོང་ཚེ་རིང་སྐྱིད། མཱ་ཅན་མིང་། སུང་ལན་བཅས་དང་།  འཚོ་བར་དཀའ་ངལ་ཡོད་པའི་ལི་ཧོས་ཧྥུ། ལི་ཅི་ལེད། ལི་ཧྥུ་ཁྲོང་། ཞི་ཅ་ཆིང་། ཡེ་ཁང་མེན། ཝང་ཀོས་ཧུང་། ཡོན་ཕིང་། ལའོ་ལིན་ཀྲིན་བཅས། ཏང་ཡོན་རྒན་པ་དང་ལས་བྱེད་རྒན་པ་མའུ་ཀྲན་ཁྲོང་། ལོའུ་ཞིན་གོ ལ་པིན་ལི། དབྱང་ཅིན་ཧྥུ། ལི་ཧྲིན་ཆི། ཧྥང་ཀྲིན་ཚའེ། མཱ་ཞའོ་ཧྥེ། ཏུའུ་པའོ་ཞང་བཅས་དང་། སྔོན་གཤེགས་དཔའ་བོའི་རྗེས་རབས་པ་ཀྲང་ཡུས་ཧྥང་། དབྱང་ཧྥིན་ཀྲིན། ལིའུ་ཀོས་ཧྥང་། ཀྲང་ཚོའུ་ཀྲི་བཅས། གཞུང་དོན་དུ་སྐུ་སྲོག་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་ཀོའུ་ཧྲིན་ཧྭ། ལི་ཅིན། ཁྲང་ཧོས་ལེ། ལི་ཡུས་ལཱེན་བཅས་ལ་གཟིགས་སྐྱོང་ཁམས་འདྲིའམ་མངགས་བཅོལ་ལྟར་གཟིགས་སྐྱོང་ཁམས་འདྲི་ཕེབས། ཁམས་འདྲིའི་ཁྲོད། ཞིང་ཆེན་ཏང་ཨུས་ཁོང་ཚོར་ཏང་རྩ་འཛུགས་ཀྱི་ཐུགས་རྗེ་དང་དྲོད་ཁོལ་བསྐྱལ་བ་དང་། ཁོང་ཚོར་སྙིང་ཉེ་བའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པར་མ་ཟད། ཏང་ལོ50སླེབས་ཟིན་པའི་ཏང་ཡོན་ལ“གཟི་བརྗིད་ལྡན་པའི་ཏང་ནང་གི་ལོ་ངོ50”ཞེས་པའི་རྗེས་དྲན་རྟགས་མ་བསྩལ། ཞལ་བཅར་གསུང་གླེང་ལྷུག་པར་མོལ་ཏེ་ཁོང་ཚོའི་འཚོ་བ་དང་ལས་དོན། ཁྱིམ་ཚང་གི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོར་མཛད་པ་དང་། ཁོང་ཚོས་སྐུ་ལུས་ལ་བདག་སྐྱོང་ལེགས་པོ་བྱེད་དགོས་པའི་རེ་ཞུ་བྱས་པར་མ་ཟད། ཁོང་ཚོ་དང་མཉམ་དུ་ཏང་གི་ལོ་བརྒྱའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ནས། མཚོ་སྔོན་གསར་པའི་མཛེས་སྡུག་ལྡན་པའི་མདུན་ལྗོངས་ལ་རེ་སྨོན་མཛད།  །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།