མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་གིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་པར་ལེན་དང་མཛེས་རྩལ། ཡིག་གཟུགས་བཅས་ཀྱི་འགྲེམ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་བརྒྱའི་འཁྲུངས་སྐར་ཐོན་ལ་ཉེ་བའི་སྐབས་འདིར། ཟླ6པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་པར་ལེན་དང་། མཛེས་རྩལ། ཡིག་གཟུགས་བཅས་ཀྱི་འགྲེམ་སྟོན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་།ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་བུན་ཁིས། ཝང་ཀྲིན་ཁྲང་། མཱ་ཧྥིན་ཧྲིན། དེ་མིན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་མཉམ་དུ་འགྲེམ་སྟོན་ལ་བལྟས།

འགྲེམ་སྟོན་གྱིས“དཀའ་སྡུག་གི་གོ་རིམ་ལ་ཕྱིར་དྲན་དང་། དུས་རབས་ཀྱི་མཚར་ཉམས་མངོན་པ། ལོ་བརྒྱའི་འཁྲུངས་སྐར་བསུ་བ”བརྗོད་དོན་བྱས་ཏེ། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ། ལས་འཁྱུར་ངལ་གསོའི་བློ་མཐུན་རྒན་པའི་ཁྲོད་ཀྱི་པར་ལེན་མཛེས་རྩལ་ལ་དགའ་མཁན་གྱིས་གསར་རྩོམ་བྱས་པའི་བརྩམས་ཆོས100འགྲེམ་སྟོན་བྱས་པ་དང་། བརྩམས་ཆོས་ཀྱིས་སྲོལ་རྒྱུན་རིག་གནས་དར་སྤེལ། ཏང་གི་རླབས་ཆེན་བྱ་བཞག་ལ་བསྟོད་གླུ་བླངས་ནས། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་བཀའ་དྲིན་སེམས་སུ་བཅངས་ཏེ། ཏང་གི་སྐད་ཆར་ཉན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་ནས། དུས་རབས་གསར་བའི་བློ་སྤོབས་དང་ལས་འཁྱུར་ངལ་གསོའི་བློ་མཐུན་གྱི“ལས་གནས་ལས་བྲལ་ཡང་ཏང་ལ་ཁ་མི་བྲལ་བ། ལས་འཁྱུར་བྱས་ཀྱང་ངོ་བོ་མི་འགྱུར་བའི”སྙིང་སྟོབས་མངོན།

ཚང་མས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་“ལོ་རྒྱུས་བཞི”ལེགས་པོར་སྦྱངས་བ་དང་། ཡིད་ཆེས་མཐོར་འདེགས་དང་། ཕུགས་འདུན་ཇེ་བརྟན་དུ་བཏང་ནས། ཐོག་མའི་བསམ་འདུན་སེམས་སུ་བཅངས་ཏེ་དཀའ་སྤྱད་འབད་བརྩོན་བྱས་ནས། འགན་འཁྲི་དང་ལས་འགན་མཐོན་པོས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་རྣམ་པ་གསར་བ་ཞིག་ལས་སྒྲུབ་བྱས་ནས། དུས་རབས་གསར་བའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།