རྨ་ལྷོ་ཁུལ་གྱིས“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

006303.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན།)  ཟླ6པའི་ཚེས29ཉིན་གྱི་སྔ་དྲོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་རྟགས་གནང་བའི་ཚོགས་ཆེན་རྨ་ལྷོ་ཁུལ་ཚོགས་འདུའི་ལྟེ་གནས་སུ་འཚོགས། ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན36དང་ཕུལ་བྱུང་ཏང་གི་ལས་དོན་པ20། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས30བཅས་ལ་གཟེངས་རྟགས་གནང་བ་མ་ཟད། ཏང་ཡོན་རྒན་གྲས་ལ“གཟི་བརྗིད་ཀྱི་ཏང་ལོ50”ཡི་དྲན་རྟེན་རྟགས་མ་གནང་བ་རེད། རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་ཡའོ་ཁྲུན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བཀྲ་ཤིས་ཚེ་རིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

06304.jpg

ཚོགས་འདུའི་ཐོག་བསྟན་དོན། ལོ100ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་དཀའ་སྡུག་ཁྲོད་དཔའ་ངར་ཆེན་པོས་ཡར་ལངས་ཏེ“རི་བོ་ཆེན་པོ་གསུམ”རྩ་སློག་བཏང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་དེ།  “ཀྲུང་གོའི་སྲིད་སྐྱོང”གི་མཛེས་རྣམ་འདི་འདྲ་ཞིག་མངོན་འགྱུར་བྱུང་བ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་མི་དམངས་ལ་དབུ་ཁྲིད་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་རྣམ་པ་གསར་བ་བཏོད་ལ། ཀྲུང་གོའི་མི་དམངས་ཡར་ལངས་བ་དང་ཕྱུག་པོར་གྱུར་པ། དེ་ནས་སྟོབས་ཆེར་གྱུར་པའི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། སྐབས་རིམ་པའི་ཁུལ་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་རྣམས་དཀའ་སྡུག་མཉམ་མྱོང་དང་དཀའ་སྤྱད་ལས་གཏོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། རྨ་ལྷོར་ཐོབ་པའི་གྲུབ་འབྲས་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་ཡོངས་ཀྱི་འབད་འབུངས་ཡར་བརྩོན། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལས་བྱུང་བ་ཞིག་རེད། 

06302.jpg

“གཟེངས་བསྟོད་ཚོགས་ཆེན་སྟེང་གཟེངས་རྟགས་ཐོབ་པའི་སྔོན་ཐོན་གཞི་རིམ་གྱི་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་གི་ལས་དོན་པ་བཅས་ཀྱི་འཐུས་ཚབས་པའི་གཏམ་བཤད་ལ་ཉན་པ་དང་། ཏང་གི་ཆེད་དུ་ལོ50ལྷག་ལ་ལས་ཀ་སྒྲུབ་པའི་བློ་མཐུན་རྒན་པ་ཚོས་སྔར་བཞིན་བློ་སྟོབས་ཆེན་པོས་ཀྲུའུ་ཞི་སྟེགས་བུར་བསྐྱོད་དེ་གཟེངས་རྟགས་བཞེས་པ་མཐོང་བས། ང་ལ་སྐུལ་ལྕག་ཐོབ་ཅིང་སེམས་འགུལ་ཆེན་པོ་ཐེབས”ཞེས་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལེང་ཞའོ་ཡོན་གྱིས་དེ་ལྟར་བཤད། གཟེངས་བསྟོད་ཚོགས་འདུའི་སྟེང་བཏོན་པའི་ཏང་འཛུགས་སྐྱོང་སྐོར་གྱི་བླང་བྱ་རབ་དང་རིམ་པས་སླད་ཕྱིན་ང་ཚོས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་མུ་མཐུད་དུ་ཤུགས་སྣོན་རྒྱག་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།  

ཁུལ་ཡོངས་ཀྱི་ཁུལ་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་། ཁུལ་ཏང་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ་དང་ཁེ་ལས། ལས་དོན་སྡེ་ཁག མི་དམངས་ཀྱི་ཚོགས་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་ལས་བྱེད་ལས་བཟོ་བའི་འཐུས་མི། གྲོང་ཁྱེར་སོ་སོའི་རྫོང་ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན། རྩ་འཛུགས་པུའུ་ཀྲང་། དྲིལ་སྒྲོག་པུའུ་ཀྲང་། རྨ་ལྷོ་ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་ཏང་ཡོན་འཐུས་མི། རྨ་ལྷོ་ཡན་ལག་དམག་ཁུལ་དང་། དྲག་ཆས་ཉེན་རྟོག་རྨ་ལྷོའི་ཉིང་ལག་རུ་ཁག རྨ་ལྷོ་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་བཅས་ཀྱི་དཔོན་དམག་གི་འཐུས་མི། ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་ཀྱི་འཐུས་མི། ཁུལ་དམངས་ཆེན་གྱི་འཐུས་མི་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། རོང་བོ་ས་ཁུལ་མང་ཚོགས་ཀྱི་འཐུས་མི། ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། “གཟི་བརྗིད་ཏང་ལོ50”ཡི་དྲན་རྟེན་རྟགས་མ་ཐོབ་མཁན་གྱི་འཐུས་མི་བཅས་ཚོགས་འདུར་ཞུགས། 

BH9A2577.jpg

 ཐེངས་འདིའི་ཚོགས་ཆེན་གྱིས་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་ལས་བྱེད་པར་མིག་དཔེ་དང་ཚད་ཤིང་བསྟན་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅང་བ་དང་། གོང་བུ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པའི་རྨ་ལྷོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ལས་རྨ་ལྷོའི་ལེའུ་ཞིག་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ལྕག་སྐུལ་དང་སྐུལ་སློང་བྱས་ཡོད་ཅེས་ཚོགས་ཞུགས་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གླེང་བཞིན་མཆིས། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།