མཚོ་སྔོན་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་སྒོ་ཁྲལ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྤྱི་གྲངས་སྒོར་དུང་ཕྱུར11.4ཡིན་པ་དང་། དེ་ན་ནིང་ལོ་ལས་དུས་མཉམ་གྱི་འཕར་ཚད92.7%ཡིན་ཞིང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང3པར་གནས། དེའི་ཁྲོད། ཕྱིར་གཏོང་སྒོར་དུང་ཕྱུར4.8ཡིན་ཞིང་། འཕར་ཚད34.8%ཡིན་ལ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང12པ་ཡིན་པ་དང་། ནང་འདྲེན་སྒོར་དུང་ཕྱུར6.6ཡིན་ཞིང་། འཕར་ཚད་ལྡབ1.8ཡིན་པ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང2པར་གནས།

ཟི་ལིང་སྒོ་ཁྲལ་ལས་ཁུངས་ཕྱོགས་བསྡུས་ལས་གཉེར་ཁྲུའུ་དང་པོའི་བསྡོམས་རྩིས་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ཟླ་སྔོན་མ5ཡི་ནང་། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཁྱད་ཆོས་གཙོ་བོ་ཕྱོགས་དྲུག་གི་ཆ་ནས་མངོན་ཡོད་དེ། གཅིག་ནི་སྤྱིར་བཏང་གི་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་འཕར་ཚད་ཆེ་བ་དང་། བསྡུར་ཚད་བཅུ་ཆའི་དགུ་ལས་བརྒལ་ཡོད། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར10.8ཡིན་པ་དང་། འཕར་ཚད86.8%ཡིན་ཞིང་། དེས་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱི་གྲངས་ཀྱི94.7%ཟིན། གཉིས་ནི་ཕེ་རི་དང་ཡོ་རོབ་མནའ་འབྲེལ། ཤར་མནའ་འབྲེལ། འཇར་པན་དང་ཨ་ཧྥེ་རི་ཁ་ལྷོ་མ་བཅས་མཚོ་སྔོན་ཞིང་ཆེན་གྱི་ཉོ་ཚོང་གྲོགས་པོ་སྔོན་མ་ལྔ་ཡིན། དུས་མཉམ་དུ་མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”ལམ་ཐིག་འགྲམ་རྒྱུད་རྒྱལ་ཁབ་དུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར2.6ཡིན་ཞིང་། འཕར་སྣོན47.2%ཡིན་པ་དང་། དེས་མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱི་གྲངས་ཀྱི22.8%ཟིན། གསུམ་ནི་དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་སྣེ་ཁྲིད་ཅིང་། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་ལ་བྱས་རྗེས་ཆེས་ཆེ། བཞི་ནི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་འཕར་ཚད་ཆེ། ཟླ་སྔོན་མ5ནང་། རང་ཞིང་གིས་ཁྱོན་བསྡོམས་གྲོང་ཁྱེར་དང་ཁུལ7ལ་ཕྱིར་གཏོང་ནང་འདྲེན་ལས་གཉེར་བྱས་པ་དང་། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར9.5ཡིན་ཞིང་། འཕར་ཚད་ལྡབ1ཡིན་ལ། མཚོ་ཤར་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི8002ཡིན་པ་དང་། འཕར་ཚད་ལྡབ4.1ཡིན། མཚོ་ལྷོ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི3969.1ཡིན་པ་དང་། འཕར་ཚད་ལྡབ4.5ཡིན། མགོ་ལོག་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི782.8ཡིན་ཞིང་། འཕར་ཚད་ལྡབ3.1ཡིན། ལྔ་ནི་གཙོ་བོ་ནང་འདྲེན་ཚོང་རྫས་དང་། གསེར་དང་གཏེར་ཁ། གློག་ཆས་ཐོན་རྫས། ཞིང་ལས་ཐོན་རྫས་ལྡབ་འགྱུར་གྱིས་འཕར་བ་དང་། དེས་རང་ཞིང་གི་ཕྱིར་གཏོང་ནང་འདྲེན་གྲངས་ཀའི95.3%ཟིན། དྲུག་ནི་གཙོ་བོ་ཚོང་རྫས་ཕྱིར་གཏོང་གི་ཕྱོགས་ཡིན་ཞིང་། འཁེལ་འཐག་དངོས་རྫས་དང་ཞིང་ལས་ཐོན་རྫས། གློག་ཆས་ཐོན་རྫས་ཕྱིར་གཏོང་གི་འཕར་ཚད་མཐོ་ཤོས་རྒྱུན་འཁྱོངས་བྱས་ཤིང་། དེས་རང་ཞིང་གི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་གི69.3%ཟིན་ཡོད།   །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།