མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལྟ་སྦྱོང་ངམ“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་ཆེད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལྟ་སྦྱོང་ངམ“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་རྩ་འཛུགས་བྱས་ནས་འཚོགས་ཏེ། གཞི་རིམ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚད་ལྡན་ཅན་དང་ཚད་གཞི་ཅན་འཛུགས་སྐྱོང་གི་གྲུབ་འབྲས་གཅིག་བསྡུས་ངང་འགྲེམས་སྟོན་བྱས། 

དེའི་རིང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཧུའུ་ཀྲུའུ་གཞུང་ལམ་ལམ་དུམ་དང་། ལི་ཏུའུ་གཞུང་ལམ་ལམ་དུམ། ཕིང་ཨན་གཞུང་ལམ་ལམ་དུམ་བཅས་ཀྱི་ཏང་ཀྲི་པུའུ་ཡི་ཏང་འཛུགས་སྐྱོང་ལས་དོན་གྱི་གྲུབ་འབྲས་ལ་ལྟ་སྦྱོང་བྱས་པ་དང་། མཚོ་ཤར་གཞུང་ལམ་གྱི་ལམ་དུམ་སྤྱིའི་གཞུང་ལམ་གྱི་ཏང་འཛུགས་སྐྱོང་རིག་གནས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་ཤིང་། “མཚོ་སྔོན་གྱི་གཞུང་ལམ་ཐོག་ཏུ་ཏང་དར་མཛེས”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་མཛད་སྒོ་སྤེལ་ནས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་གི་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།