ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པ་དང་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ། ལས་ཁུངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་རྒྱུན་མཐུད་ངང་བརྟན་སྲུང་དང་། ཕྱར་བ་གྲུ་འདེགས། འབད་འཐབ་ལྷོད་མེད་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་མ་བཏང་།
ཚོགས་འདུའི་སྟེང་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཏང་ཡོན་རྒན་གྲས་ཀྱི་འཐུས་མིར“ལོ་ངོ50རིང་གི་ཏང་གི་གཟི་བརྗིད”ཅེས་པའི་དྲན་གསོའི་རྟགས་མ་བྱིན་པ་དང་། ཉེ་བའི་ལོ་ཤས་རིང་ལས་དོན་སོ་སོའི་ཁྲོད་ཕུལ་བྱུང་གྲུབ་འབྲས་ཐོབ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན70དང་། ཕུལ་བྱུང་ཏང་གི་ལས་དོན་པ40། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས30བཅས་ལ་གཟེངས་བསྟོད་བྱས། གཟེངས་བསྟོད་ཐོབ་པའི་ཐིང་ཁོངས་གཏོགས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་འཐུས་མི་དང་། ཕུལ་བྱུང་ཏང་གི་ལས་དོན་པའི་འཐུས་མི། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཐུས་མི་བཅས་ཀྱིས་ཟུར་ཚད་མི་འདྲ་བའི་སྟེང་ནས་ཚོགས་ཆེན་སྟེང་གཏམ་བཤད་གནང་བ་དང་། མཉམ་མྱོང་བརྗེ་རེས་བྱས་རྗེས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་བ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པ་དང་གཟེངས་བསྟོད་ཚོགས་ཆེན་འཚོགས།