ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་གི་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། མཐུན་སྒྲིལ་གྱི་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སེལ་མདུན་སྐྱོད་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁར་ཕུ་ཐག་གཅོད་པའི་གྲུབ་འབྲས་མངོན་གསལ་དོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྨད་དུ་བྱུང་བ་ཞིག་ཏུ་གྱུར་ཡོད་ལ། དབུལ་ཐར་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕན་འབྲས་མངོན་གསལ་བླངས་བ། འཐབ་ཕྱོགས་ཁག་དང་། ཁྱབ་ཁོངས་ཁག ལས་དོན་ཁག་བཅས་ཀྱི་ཁྲོད་ནས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་གི་ལས་དོན་ལས་སྒྲུབ་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་འབོར་ཆེན་གྱིས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་བཟང་བོ་བཞག་ཡོད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་སུ་སྔོན་ཐོན་ལ་གཟེངས་བསྟོད་དང་། སྲོལ་བཟང་དར་སྤེལ་གཏོང་བ། སྙིང་སྟོབས་འཕེལ་བ་དང་ངར་ཤུགས་འཕེལ་བར་བྱེད་པ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས། རང་འགན་གཙང་སྒྲུབ་དང་བྱས་རྗེས་འཇོག་པ་བཅས་བྱེད་པར་ལྕག་སྐུལ་གཏོང་ཆེད། ཞིང་ཆེན་ཏང་ཨུས་ཧྥུན་ཞ་སོགས་གུང་ཁྲན་ཏང་ཡོན151དང་། ཧྲ་ཡུང་ཀྲི་སོགས་ཏང་གི་ལས་དོན་པ100། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཏུང་ཀོན་སྲང་ལམ་སྡེ་ཁུལ་ཏང་ཨུ་སོགས་གཞི་རིམ་ཏང་རྩ་འཛུགས151ལ་གཟེངས་བསྟོད་བྱས་པ་མ་ཟད། “ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”“ཞིང་ཆེན་ཡོངས་ཀྱི་ཏང་གི་ལས་དོན་བྱ་སྒྲུབ་མཁན”“ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”སོ་སོར་གཟི་བརྗིད་མཚན་སྙན་སྤྲད།  

གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་མི་སྒེར་དང་སྔོན་ཐོན་ཐུན་མོང་གིས་གཟི་བརྗིད་ལ་གཅེས་སྤྲས་དང་ང་རྒྱལ་དང་འཚབ་འཚུབ་སྤངས་ནས། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བཟང་པོ་བྱས་ཏེ་ཡང་འབད་བསྐྱར་འབད་དང་གྲུབ་འབྲས་གསར་པ་སླར་ཡང་གཏོད་པའི་རེ་བ་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་ད་ཐེངས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་མིག་དཔེར་བཟུང་སྟེ། སྤྱོད་ཡོན་གཉིས་ལྡན་གྱི་མི་དང་སློབ་སྦྱོང་བྱས་ཏེ་དེ་ལས་བརྒལ་བ་དང་། གདོང་ལེན་པར་བརྩོན་ལེན་བྱེད་པ། སྔ་ཕྱི་བར་གསུམ་དུ་ཡིད་ཆེས་བརྟན་པོ་དང་། སྤྲོ་སེམས་རབ་ཏུ་འཕེལ་བ། དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པ་བཅས་ལ་བརྟེན་ནས། དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་། རྒྱང་སྐྱོད་ལམ་བུ་གསར་པར་འབད་འཐབ་བྱེད་པ། འགན་འཁྲི་གསར་པ་འཁུར་བ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།