རྒྱུན་སྡོད་མི་འབོར་གྱི་འཕེལ་རྒྱས་ཐད་ཁྱད་ཆོས་ཆེན་པོ་ལྔ་མངོན་པ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་རྒྱུན་མཐུད་ངང་འཕར་ཚད་དམའ་བའི་སྒོ་ནས་འཕར་སྣོན་བྱུང་བ། 2020ལོའི་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར5923957ལ་སླེབས་ཡོད། ལོ་བཅུའི་རིང་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད(0.52%)ལོ་སྔོན་མ་བཅུ་ལས་བརྒྱ་ཆའི་ཆ0.1ཡིས་དམའ་བ་རེད།

ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།2020ལོའི་ཞིང་ཆེན་ཡོངས་གྱི་ཡིག་རྨོངས་མི་འབོར470197ལ་སླེབས་པ་དེ2010ལོ་དང་བསྡུར་ན་མི105576ཉུང་དུ་ཕྱིན་པ་དང་། ཡིག་རྨོངས་ཚད་བརྒྱ་ཆའི་ཆ2.29ཉུང་དུ་ཕྱིན་ཡོད་པ་རེད། 2010ལོ་དང་བསྡུར་ན་ལོ15དང་དེའི་ཡན་གྱི་མི་འབོར་ལ་སློབ་གསོ་ཐོབ་ཚད་ལོ1མཐོ་རུ་ཕྱིན་ཡོད། དེ་དག་གིས་རང་ཞིང་གིས་ལོ་དགུའི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་བ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་ཐད་ཤུགས་བསྣན་པ། མཐོ་རིམ་སློབ་གསོ་སོགས་རིམ་པ་སོ་སོའི་སློབ་གསོ་སྣ་ཚོགས་ལ་ཤུགས་སྣོན་པར་གྲུབ་འབྲས་ངེས་ཅན་ཐོབ་པ་མཚོན་ཡོད།

ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ཕོ་མོའི་གྲུབ་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ། 2020ལོའི་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ཕོ་མོའི་བསྡུར་ཚད104.97ཡིན་པ་དེ2010ལོ་དང་བསྡུར་ན་བརྒྱ་ཆའི་ཆ2.43མར་ཆག་པ་དང་། མི་འབོར་གྱི་ཕོ་མོའི་བསྡུར་ཚད་བརྟན་པོའི་ངང་མར་ཆག་ནས་ཕོ་མོའི་གྲུབ་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད།

ཞིང་ཆེན་ཡོངས་ཀྱི་འཁྱར་འགྲིམ་མི་འབོར་དང་གཅིག་སྡུད་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ། 2020ལོའི་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར34.95%ཡི“སྡོད་གནས”དང“ཁྱིམ་ཐོ་གནས་ཡུལ”གཅིག་མཚུངས་མིན་པ་རེད། 2010ལོ་དང་བསྡུར་ན་ཞིང་ཆེན་ཡོངས་ཀྱི་འཁྱར་འགྲིམ་མི་འབོར61.74%འཕར་བ་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་མི་དང་དུད་ཐོ་ལོགས་སུ་ཕྱེས་པའི་མི་འབོར་ལྡབ1ལྷག་འཕར་ཡོད། འཁྱར་འགྲིམ་གྱི་ངོས་ཐད་ནས་བལྟས་ན།ཞིང་ཆེན་ནང་ཁུལ་གྱི་མི་འབོར་ཟི་ལིང་སོགས་གྲོང་ཁྱེར་དང་གྲོང་རྡལ་དུ་མགྱོགས་མྱུར་འདུས་སྡོད་བྱེད་ཀྱིན་ཡོད་པ་རེད།

ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་པ། 2020ལོའི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་དུ་སྡོད་པའི་མི་འབོར3559363ལ་སླེབས་པ་དང་རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་འགྱུར་ཚད60.08%ཟིན་ཡོད་པ་རེད། 2010ལོའི་མཁར་གྲོང་མི་འབོར་དང་བསྡུར་ན41.45%འཕར་བ་དང་། རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་འགྱུར་ཚད་བརྒྱ་ཆའི་ཆ15.36མཐོ་རུ་ཕྱིན་ཡོད། དེས་རང་ཞིང་གི་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཐབ་ཇུས་ལ་གྲུབ་འབྲས་ཐོབ་པ་མཚོན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།