དབྱང་ཀྲི་ཝུན་གྱིས་མཚོ་ལྷོ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས26ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བདེ་འཇགས་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་གུང་ཧོ་རྫོང་མཁར་བྱང་གི་ལོ་དགུའི་ཆ་ཚང་སློབ་གྲྭ་དང་མཚོ་ལྷོ་ཁུལ་འཕྲིན་བཅར་ཞབས་ཞུ་ལྟེ་གནས། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་ལྟེ་གནས། མདོ་ལ་རི་བོའི་ཅིན་ཧི་ཨར་འདམ་ཚད་ཡོད་ཀུང་ཟི་བཅས་ལ་སོང་ནས། བདེ་འཇགས་འགན་འཁྲི་བྱེད་ཐབས་ལག་བསྟར་བྱེད་པ་དང་འཕྲིན་བཅར་དང་ཞུ་གཏུག་དང་འབྲེལ་བའི་གནད་དོན་ཐག་གཅོད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པར་སྐུལ་འདེད་བཏང་།

དབྱང་ཀྲི་ཝུན་གྱིས་བསྟན་དོན། ཉེན་ཁ་སྔོན་འགོག་བྱེད་པ་དང་བདེ་འཇགས་དམ་འཛིན་བྱེད་པ། གཏན་འཇགས་འགན་སྲུང་བྱེད་རྒྱུ་ནི་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཡིན་པས། བསམ་བློའི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། དུས་ནམ་ཡང་རིག་ལམ་གསལ་བོ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། བྱ་བའི་གཙོ་གནད་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། ཉམས་ཞན་ས་དང་ཁྱབ་ཁོངས་གཙོ་བོར་དོ་སྣང་བྱེད་པ། ལྟ་སྐུལ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་གོ་སྐབས་སུ་བྱེད་པ། རྟོག་སེལ་ནན་མོ་བྱས་ཏེ། བདེ་འཇགས་ཐད་ཀྱི་ཉེན་ཁ་མེད་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ། ཁུལ་དང་རྫོང་གི་འགོ་ཁྲིད་ལས་བྱེད་པའི་གནས་སྦྲེལ་འགན་ལེན་ལག་བསྟར་བྱེད་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྒྲོག་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། ནོར་འཛོལ་མི་འབྱུང་བར་ཁག་ཐེག་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། ཆེད་དོན་ཞིབ་བཤེར་དང་མཉམ་འབྲེལ་ཁྲིམས་འཛིན། ཕྱོགས་བསྡུས་ལྟ་ཞིབ་སོགས་བྱེད་ཐབས་སྤྱད་དེ། ཉེན་ཁ་རྟོག་སེལ་བྱེད་པ་དང་། དག་ཐེར་ལེགས་བཅོས་བྱེད་པ། དོན་རྐྱེན་ཆེན་པོ་འབྱུར་བར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཐད་བདེ་འཇགས་གཏན་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།