ཝུའུ་ཧེ་ཁུན་གྱིས་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཀུང་ཟི་རུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ཏང་ཀྲི་པུའུ་ཡི་ཏང་ཡོན་སྐོར་ཞིག་གི་སྣེ་ཁྲིད་དེ་ཟི་ལིང་གྲོང་ཁྱེར་དུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོམ་སྟབས་བརྒྱུད་ནས། མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཀུང་ཟི་ལ་བསྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུང་ཟི་དེར་རྟོག་ཞིབ་གནང་སྐབས་ཀྱི་གསར་འགྱུར་བརྙན་རིས་ལ་བལྟས་པར་མ་ཟད་བཞུགས་མོལ་བརྗེ་རེས་བྱས་ཤིང་།  རང་ཞིང་གི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་བསྟན།

ཝུའུ་ཧེ་ཁུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་གོ་བ་གཏིང་ཟབ་ལེན་པ་དང་སྦྱངས་པ་གོ་ཆོད་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་ལས་དོན་བཅས་ཀྱི་འགན་ནུས་འདོན་སྤེལ་དང་། ཁེ་ལས་འབྲིང་ཆུང་གིས་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བའི་རྟོག་ཞིབ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་རྟོག་ཞིབ་ཏན་ཏིག་བྱེད་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་ཆེད་དོན་འདྲི་རྩད་བྱ་བ་ཚད་གཞི་མཐོན་པོས་སྤེལ་བ། མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག་དང་འཁོར་སྐྱོད་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་ལ་གྲོས་ཞིབ་དང་དངོས་སུ་འདོན་པར་དམ་འཛིན་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཏང་ཡོན་ལས་བྱེད་པས་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཁྲོད་དུ་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཀུན་སྤྱོད་ཆེན་པོ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྤྱི་སེམས། རང་གཅུན་ནན་མོ་བྱེད་པའི་ཀུན་སྤྱོད་བཅས་ལ་བརྩི་མཐོང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། གསར་གཏོད་གསར་འབྱེད་དང་། ཁག་ཁུར་དངོས་སྒྲུབ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དགུང་སྔོན་སྤྲིན་དཀར་དང་ཆུ་དྭངས་རི་ལྗང་མཚོ་སྔོན་གྱི་རྟག་བརྟན་གྱི་རྨང་གཞིར་འགྱུར་བ་དང་། ལེགས་ཆ་འདོན་སྤེལ་དང་ལྗང་མདོག་ཐཱན་ཉུང་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་རྟག་བརྟན་གྱི་འགྱུར་ཁུགས་སུ་འགྱུར་བར་བྱས་ནས་ཏང་དང་མི་དམངས་ལ་ ཆབ་སྲིད་ཀྱི་རྒྱུགས་ལན་ཚད་ལྡན་ཞིག་སྤྲོད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།