དངོས་བཤུས་གློག་བརྙན《གཙང་གསུམ་འབྱུང་ཡུལ》ཞེས་པ་དེ་རིང་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཚན་སློབ་འཕྲིན་ལམ་ནས་ཐོག་མར་གཟིགས་འབུལ་གནང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས23ཉིན། དངོས་བཤུས་གློག་བརྙན《གཙང་གསུམ་འབྱུང་ཡུལ》གཟིགས་འབུལ་མ་བྱས་སྔོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་གོ་རིམ་གཞིར་བཟུང་། CCTV—ཚན་སློབ་འཕྲིན་ལམ10པར་མངགས་བཅོལ་བྱས་ནས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་ཆེན་མོ《གཙང་གསུམ་འབྱུང་ཡུལ》ཞེས་པ་ཟླ6པའི་ཚེས24ཉིན་གྱི་དགོང་མོའི་ཆུ་ཚོད9དང་སྐར་མ20སྟེངCCTV—ཚན་སློབ་འཕྲིན་ལམ་ནས་ཐོག་མར་གཟིགས་འབུལ་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་མངོན་པ་དང་། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་མཛེས་ལྗོངས་ཉམས་དགའ་བ་དང་། སྐྱེ་ཁམས་ཀྱི་མཚར་སྡུག་ལྡན་པ། མི་ཆོས་རིག་གནས་ཀྱི་མཚར་སྡུག་དང་མི་དང་རང་བྱུང་མཉམ་གནས་ཀྱི་ཡིད་དུ་འོང་བའི་རི་མོ་ཞིག་མངོན་པར་བྱས་ནས། མི་རྣམས་རང་བྱུང་ལ་དགའ་བ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་རང་རྟོགས་ཀྱི་འདུ་ཤེས་ལ་འབོད་སྐུལ་བཏང་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུན་ལི་ཅུན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་དང་པོ་ཡིན་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ཐོབ་པའི་ཕན་འབྲས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད་པ་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་གོ་རིམ་ལྡན་པའི་ངང་མངོན་ནས། ཏང་དབུ་བརྙེས་ནས་ལོ་འཁོར100འལོན་པར་ལེགས་སྐྱེས་ཕུལ་ཡོད།གཙང་གསུམ་འབྱུང་ཡུལ》མུ་འབྲེལ་དངོས་བཤུས་གློག་བརྙན་དེ《མགོ་ཁུངས》དང་།《ཁྱིམ་གཞིས》《རྒྱུན་འཛིན》བཅས་ལེའུ་གསུམ་དུ་དབྱེ་ཡོད་ལ། དངོས་བཤུས་གློག་བརྙན་གྱི་རྣམ་པའི་ཐོག་ནས་གསོན་ཉམས་ལྡན་པའི་གདོད་མའི་གཏམ་རྒྱུད་ཁག22བརྗོད་པ་བརྒྱུད། པར་ཆས་ལ་བརྟེན་ནས་ས་ཆ་དེའི་སྟེང་གི་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་དང་། ཁྱིམ་གཞིས་བརྟན་སྲུང་། ལོ་རྒྱུས་རྒྱུན་འཛིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དང་ལག་ལེན་བཅས་རྩད་ཞིབ་བྱས་ཏེ། མཚོ་སྔོན་གྱི་མཛེས་བ་ཕྱིར་མངོན་པ་དང་མཉམ་དུ། རྒྱལ་ཁབ་སྤྱི་གླིང་གི་སྟེང་རིམ་འཆར་འགོད་དེ་གཙང་གསུམ་འབྱུང་ཡུལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལེགས་པོར་མཚོན་པར་བྱས་ནས། ཁྱོན་ཡོངས་ནས་གཙང་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སྲ་བརྟན་འགྱུར་མེད་ཀྱིསཀྲུང་ཧྭའི་ཆུ་མཛོདསྲུང་སྐྱོང་བྱེད་པར་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་ནུས་འདོན་མཚོན་པར་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།