མཚོ་སྔོན་གྱི་ས་ཆ་མང་པོར་ཆུ་ལོག་དང་དྲག་ཆར་འབབ་པའི་ཉེན་བརྡ་བཏང་འདུག

微信图片_20210624093539.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་དང་གནམ་གཤིས་ཅུའུ་ཡིས་མཉམ་འབྲེལ་ཀྱིས་ཆུ་ལོག་གནོད་འཚེའི་གནམ་གཤིས་ཉེན་ཟོན་སྔོན་བརྡ་བཏང་ཡོད་པ་སྟེ། ཆར་བབས་པའི་ཤུགས་རྐྱེན་ལས་སྔོན་དཔག་བྱས་པ་ལྟར་ན། ཟླ6པའི་ཚེས23ཉིན་གྱི་ཆུ་ཚོད20ནས་ཟླ6པའི་ཚེས24ཉིན་གྱི་ཆུ་ཚོད20བར། རྨ་སྟོད་རྫོང་དང་དར་ལག་རྫོང་། པད་མ་རྫོང་དང་གཅིག་སྒྲིལ་རྫོང་སོགས་སུ་ཆུ་ལོག་གནོད་འཚེ(ཉེན་བརྡ་རིམ་པ་བཞི་བ)ཐོན་སྲིད་པ་དང་། རྨ་ཆེན་རྫོང་དང་དགའ་བདེ་རྫོང་གི་ས་ཆ་ཁ་ཤས་ལ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ(ཉེན་བརྡ་རིམ་པ་གཉིས་པ)། གོང་གསལ་ས་ཁུལ་གྱིས་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་ཆུ་ལོག་སྔོན་འགོག་གི་ཉེན་བརྡ། ཉེན་གཡོལ་སྤོ་སྒྱུར་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་རྒྱུར་དོ་སྣང་བྱ་དགོས། ས་ཁུལ་གཞན་དག་ལའང་དུས་ཡུན་ཐུང་ངུའི་ནང་དྲག་ཆར་འབབ་པའི་རྐྱེན་གྱིས་ཆུ་ལོག་གི་གནོད་འཚེ་འབྱུང་སྲིད་པས་དོགས་ཟོན་གནང་རོགས།

微信图片_20210624093543.png

མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་ཟླ6པའི་ཚེས23ཉིན་གྱི་ཆུ་ཚོད17དང་སྐར་མ00ཐོག་དྲག་ཆར(ཉེན་བརྡ་རིམ་པ་གཉིས་པ)འབབ་པའི་ཉེན་བརྡ་བཏང་ཡོད་པ་སྟེ། སྔོན་དཔག་བྱས་ན་ཟླ6པའི་ཚེས23ཉིན་གྱི་ཆུ་ཚོད18ནས་ཚེས24ཉིན་གྱི་ཆུ་ཚོད18བར། མགོ་ལོག་ཁུལ་དང་རྨ་ལྷོའི་ལྷོ་རྒྱུད། མཚོ་ལྷའི་ལྷོ་རྒྱུད། ཆི་ལེན་རྫོང་། ཁྲི་འདུ་རྫོང་སོགས་སུ་ཧའོ་སྨི25ཡན་གྱི་ཆར་འབབ་རྒྱུ་ཡིན་པ་མ་ཟད། གློག་འཁྱུག་པ་དང་ཡུན་ཐུང་དྲག་ཆར་འབབ་པ་སོགས་བཞུར་རྒྱུན་དྲག་པོའི་གནམ་གཤིས་དང་འགྲོགས་ནས་ས་ཆ་ཁ་ཤས་ལ་སེར་བ་འབབ་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།