རྒྱུགས་ར་ཕྱིའི་རིམས་འགོག་ས་ཚིགས།
རྒྱུགས་རར་ཞུགས་བཞིན་པའི་སློབ་མ།
རྒྱུགས་རར་ཞུགས་པར་གྲ་སྒྲིག་བྱེད་བཞིན་པའི་སློབ་མ།
བདེ་འཇགས་ཞིབ་བཤེར་བྱེད་བཞིན་པའི་སློབ་མ།
དུག་སེལ་བྱེད་བཞིན་པའི་སློབ་མ།
རྒྱུགས་རར་ཞུགས་བཞིན་པའི་སློབ་མ།
མེ་ཟོན་འཕྲལ་བསྟུན་མི་སྣ།
རྒྱུགས་ར་ནས་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་བཞིན་པའི་སློབ་མ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། དུས་ཡུན་ཉིན་གསུམ་རིང་གི་འབྲིང་རྒྱུགས་མགོ་བརྩམས་པ་དང་། ད་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་བསྡོམས་པས་སློབ་མ171དམའ་འབྲིང་མཐར་ཕྱིན་དང་སློབ་རིམ་འཕར་བའི་ཡིག་རྒྱུགས་ལ་ཞུགས་ཡོད།
རྒྱུགས་ལེན་ས་ཚིགས་ནང་གི་སྒྲིག་ལམ་གོ་རིམ་ཡོད་པར་འགན་སྲུང་བྱ་ཆེད། རྨ་སྟོད་རྫོང་དམའ་འབྲིང་མཐར་ཕྱིན་དང་སློབ་རིམ་འཕར་བའི་རྒྱུགས་ལེན་སློབ་བསྡུ་ཨུ་ཡོན་ལྷན་ཚོགས་ཀྱིས་གཅིག་གྱུར་མཐུན་སྦྱོར་འོག རྨ་སྟོད་རྫོང་སྤྱི་བདེ་དང་མེ་ཟོན། འཕྲོད་བསྟེན། གློག་ཤུགས་སོགས་འགན་ནུས་སྡེ་ཁག་གིས་རང་འགན་ཕྲག་ཏུ་བླངས་ནས། ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་བྱ་བ་སྤེལ་བ་དང་གོ་རིམ་སོ་སོ་ཞིབ་ཕྲར་བཏང་ནས་སློབ་མར་ཞབས་ཞུ་སྒྲུབ་པ་ནས་མགོ་བརྩམས་ཏེ། ལས་དོན་སོ་སོ་ཞིབ་ཕྲ་དང་དངོས་འབེབས་ཀྱིས་རྒྱ་ཆེའི་སློབ་མ་རྣམས་ལ་རྒྱུགས་ལེན་གྱི་ཁོར་ཡུག་ཡག་པོ་བསྐྲུན་ལ། སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་མར་རོགས་འདེགས་བྱས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རྨ་སྟོད་རྫོང་གི་སློབ་མ171སྦྲ་གུར་ནང་འབྲིང་རྒྱུགས་ལ་ཞུགས་པ།