ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བྱ་བའི་ཁྲོད། ཐེམ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། མི་དམངས་མང་ཚོགས་ཀྱི“དཀའ་ངལ་ལ་རེ་སྒུག་དང་སེམས་ཁྲལ་བྱེད་པའི”གནད་དོན་ཐག་གཅོད་བྱེད་པའི་དཀའ་ཁག་ལ་དམིགས་ནས། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྐད་གཉིས་ཅན་གྱི་ཁྲིམས་དཔོན་གྱིས“ས་ཚིགས་གཅིག་ནས”དམངས་ལ་ཞབས་འདེགས་ཞུ་བ་དང་། “ཁྲིམས་དཔོན་གྱི་དམངས་ཕན་འབྲེལ་གཏུག་བྱང་བུ”བྱིན་པ་དང“མང་ཚོགས་ཀྱི་ཁྱིམ་དུ་ཡོང་ནས་གྱོད་དོན་ཐོ་འགོད་དང་སྒོ་ཁ་ནས་གྱོད་དོན་བཤད་པའི”ཞབས་ཞུ་འདོན་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བཏོན།
ཐེམ་ཆེན་རྫོང་ཁྲིམས་ཁང་གིས་བཅའ་ཁྲིམས་སྡེ་ཁུལ་དང་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས། བྱེད་སྒོའི་ཐོ་འགོད་བྱེད་གནས་སུ“དམངས་ཕན་ཞབས་ཞུའི་ས་ཚུགས་ཆུང་གྲས”སོགས་བཙུགས་པ་ལས་གཞན། གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱི“ས་ཚིགས་གཅིག་ནས”ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས། གཏུག་བཤེར་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང“རིག་ནུས་ཁྲིམས་ཁང”འཛུགས་སྐྲུན་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་དཔོན་གྱིས་གཏུགས་བཤེར་བྱེད་མཁན་གྱི་དོ་བདག་ལ་མཛུབ་ཁྲིད་བྱེད་པ་དང་། ད་དུང་རིགས་སོ་སོའི་གྱོད་གཞིའི་གཏུག་བཤེར་ལ་ཕྱོགས་སྟོན་དང་། ཞུ་གཏུག་ཡིག་ཆའི་མ་དཔེ། ནུས་ལྡན་གྱི་ཁྲིམས་གཅོད་ཡིག་རིགས་འདྲི་རྩད། ཕབ་ལེན་བཅས་བྱས་ཆོག་པ་མ་ཟད། མ་དཔེ་ཡིག་ཆ་འབྲི་རྒྱུར་གཞོགས་འདེགས་བྱེད་པ་དང་གྱོད་གཞིའི་འདྲི་རྩད་དང་ཡིག་ཆ་དཔར་རྒྱུ་སོགས་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཐེམ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་དམངས་ལ་དོན་དངོས་སྒྲུབ་པ།