ལིའུ་ཐའོ་ཡིས་ཞིང་ཆེན་ཡོངས་ཀྱི་ས་ཞིང་རྒྱུན་ལྡན་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་བཅོས་སྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས21ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་ཡོངས་ཀྱི་ས་ཞིང་རྒྱུན་ལྡན་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་བཅོས་སྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཐའོ་ཡིས་མགོ་འཛིན་བྱས་ཏེ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། ལིའུ་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ།  བསམ་བློའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།  དག་ཐེར་བཅོས་སྒྱུར་འགན་འཁྲི་དངོས་འབེབས་གང་ལེགས་བྱེད་དགོས་ལ།  ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ས་ཞིང་རྒྱུན་ལྡན་ལྟ་ཞིབ་ཕྱིར་ལྡོག་གནད་དོན་གྱི་དག་ཐེར་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ལིའུ་ཐའོ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ས་སྲུང་སྐྱོབ་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ།  རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བཅངས་པ་དང་གུས་སེམས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་དགོས།  མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  གྲོང་ཁྱེར་དང་ཁུལ་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པ་དང་།  སྡེ་ཁག་དང་ས་གནས་བར་གྱི་མཐུན་སྦྱོར་འབྲེལ་འདྲིས་ལ་ཤུགས་སྣོན་དགོས་ལ།  གཟའ་འཁོར་གཅིག་རེར་སྡོམ་རྩིས་དང་ཟླ་རེར་བཀོད་སྒྲིག   དུས་ཚིགས་རེར་ཡར་ཞུ་བྱེད་པ་དང་དེ་མིན་ཁག་བགོས་ནས་འགན་ལེན་ལྟ་སྐུལ་མཛུབ་སྟོན་ལམ་ལུགས་ཀྱི་རེ་བ་ལྟར།  འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་དང་།  ཚད་གཞི་དང་ཕན་འབྲས།  སྤུས་ཚད་བཅས་མཐོ་བའི་སྒོ་ནས་གནད་དོན་སྣ་ཚོགས་ཀྱི་དག་ཐེར་བཅོས་སྒྱུར་བྱ་བ་ཡོངས་འགྲུབ་བྱས་ནས།  དག་ཐེར་བཅོས་སྒྱུར་བྱ་བ་སྣ་ཚོགས་ལ་ཞིབ་དཔྱད་བྱས་ཆོག་པར་འགན་སྲུང་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།