མཚོ་སྔོན་གྱིས2021ལོར་དབྱང་གཉིས་ཐཱན་རྫས་ཏུན་ཁྲི3400ཡི་ཕྱིར་འབུད་ཇེ་ཉུང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས2021ལོར་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར323.77ཟིན་པ་དེ། སྔོན་གྱི་རྡོ་སོལ་གྱི་ཚབ་བྱེད་ཚད་ཀྱི་ཏུན་ཁྲི1166དང་མཚུངས་པས། དབྱང་གཉིས་ཐཱན་རྫས་མར་འབབ་ཚད་ཏུན་ཁྲི3400ལ་སླེབས།

“གཙང་གསུམ་འབྱུང་ཡུལ”དུ་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་ཉི་འོད་ནུས་པ་དང་ཆུ་ནུས་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2020ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི3638ཟིན་ཡོད་ལ། ད་ལོ་ནས་བཟུང་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར323.77ཟིན་པ་དེ་དུས་མཉམ་ལས10.3%གྱིས་འཕར་ཡོད་པས། དྭངས་གཙང་ནུས་རྒྱུའི་གློག་གཏོང་ཚད་ཀྱིས་གློག་གཏོང་ཚད་བསྡོམས་འབོར་གྱི82.8%ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།