མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཡུས་ཚུང་ལེ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཏང་གི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་ལོ་རྒྱུས་དྲིལ་བསྒྲགས་རྒྱ་ཆེར་གཏོང་བ། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་བཀྲག་མདངས་འཚེར་ས་མང་པོ་ཡོད་པར་བསྟན་པ་མ་ཟད། ཁོང་གིས་རིམ་པ་ཁག་གི་ཏང་གི་ལོ་རྒྱུས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བཟང་པོ་བྱེད་པ། ཡང་དག་པའི་ཁ་ཕྱོགས་ལ་དམ་འཛིན་ནན་མོ་བྱེད་པ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་གཏིང་ཟབ་ཏུ་ཆུད་པར་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས་གོ་སྐབས་དམ་འཛིན་དང་འབད་འབུངས་ཡར་བརྩོན་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དྲིལ་བསྒྲགས་སློབ་གསོ་དང་། ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་། ཆ་འཕྲིན་ཅན་འཛུགས་སྐྲུན་བཅས་ལ་དམ་འཛིན་བཟང་པོ་བྱེད་པ། རིམ་པ་ཁག་གི་ཏང་ཨུས་མགོ་ཁྲིད་ལ་ཤུགས་བསྣན་ནས་ཏང་གི་ལོ་རྒྱུས་ལས་དོན་དེ་ཏང་ཨུའི་ལས་དོན་ཧྲིལ་པོའི་འགན་འཁྲིའི་ལམ་ལུགས་ནང་བཅུག་སྟེ། དུས་བཅད་ནང་ཏང་གི་ལོ་རྒྱུས་ལས་དོན་གྱི་སྙན་ཞུར་ཉན་པ་དང་། སྒྲིག་གཞི་དང་སྒྲིག་ཁོངས། མ་དངུལ་སོགས་ཐད་ཀྱི་གནད་དོན་དངོས་སུ་ཐག་གཅོད་དང་། ཏང་གི་ལོ་རྒྱུས་ལས་བྱེད་པ་འཚར་ལོངས་ཡོང་བར་སེམས་ཁུར་བཅས་བྱས་ཏེ། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང“ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ལོ་རྒྱུས་ཞིབ་འཇུག་གི་ཆེད་མཁས་པའི་མིང་མཛོད”ཁག་དང་པོའི་མིང་ཐོ་སྒྲོག་སྦྱངས་དང་གདན་ཞུའི་ཡི་གེ་སྤྲད་པ་མ་ཟད། “མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི”ཁག་བཞི་པའི་མིང་བཏགས་པ་དང་འབྲེལ་སྒོ་བྱང་སྤྲད་པ་རེད། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་ཁུར་བློ་མཐུན་གཙོ་བོས་ལས་དོན་སྙན་ཞུ་གནང་བ་དང་། ས་གནས་སོ་སོའི་ཏང་གི་ལོ་རྒྱུས་ལས་དོན་གྱི་འགན་ཁུར་བློ་མཐུན་དང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྲོས་ཚོགས་སུ་ཞུགས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།