མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕུགས་བསམ་དད་སེམས་སྒྲོག་འགྲེལ་ཚོགས་པ་ཐེན་ཅིན་མཐོ་རིམ་སློབ་གྲྭར་བསྐྱོད་པ།

33841828-9987-4e13-8e45-6ad33b3bd0f1.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། "ང‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་བླ་མེད་བྱས་རྗེས་བཞག་མྱོང་བའི་གསེར་དངུལ་ཐང་དུ་བསྐྱོད་ནས་སྙིང་སྟོབས་ཀྱི་ཉམས་སད་ཐེག་པར་བྱེད་རྒྱུ་ཡིན"པ་དང་། དེང་རབས་ཀྱི་གཞོན་ནུ་ཞིག་ཡིན་པའི་ཆ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བར་འབད་པ་བྱེད་རྒྱུ་ཡིན” ། དུས་ཡུན་ཉིན་བཞིའི་ནང་སྒྲོག་འགྲེལ་ཐེངས་དྲུག་ལ་ཚོགས་པ་དང་། དགེ་སློབ་དང་ལས་བཟོ་བ་སྟོང་ལྷག་བྱ་འགུལ་ལ་ཞུགས། ཟླ6པའི་ཚེས10ཉིན་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕུགས་བསམ་དད་སེམས་སྒྲོག་འགྲེལ་ཚོགས་པ་ཐེན་ཅིན་མཐོ་རིམ་སློབ་གྲྭར་སྒྲོག་འགྲེལ་བསྐྱོད་པའི་བྱ་འགུལ་བདེ་བླག་ངང་མཇུག་འགྲིལ་བ་དང་། སེམས་འགུལ་ཐེབས་པའི་སྒྲོག་འགྲེལ་གྱིས་དགེ་སློབ་མི་ཉུང་བ་ཞིག་ལ་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།