ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ6པའི་ཚེས21ཉིན། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་པ་དང་ཞིང་ཆེན་རིམ་པའི་བཅའ་སྡོད་ས་ཚིགས་མཛུབ་སྟོན་ཚོགས་ཆུང་གིས་བརྙན་ལམ་བྱ་བའི་རྒྱུན་ལྡན་ཚོགས་འདུ་ཐེངས་གསུམ་པ་བསྡུས་ཤིང་། ཟི་ལིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཁྲིམས་འཛིན་ཐིང་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།
ཚོགས་ཐོག་ནས་ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་། ཞིང་ཆེན་རིམ་པའི་བཅའ་སྡོད་ས་ཚིགས་མཛུབ་སྟོན་ཚོགས་ཆུང་གིས་ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་པ་དང་ཞིང་ཆེན་རིམ་པའི་བཅའ་སྡོད་ས་ཚིགས་མཛུམ་སྟོན་ཚོགས་ཆུང་གི་བརྙན་ལམ་བྱ་བའི་རྒྱུན་ལྡན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པའི་ཚུན་ལ་བྱ་བ་སྒྲུབ་པའི་གནས་ཚུལ་དང་སྤྱི་སྡོམ། གོ་རིམ་མཐོར་འདེགས། བྱ་བའི་འཆར་གཞི་བཅས་ཀྱི་ཐད་ནས་སྙན་ཞུ་ཕུལ། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་གྱི་གོ་རིམ་སྔོན་མའི་བྱ་བའི་གནས་ཚུལ་དང་བཅའ་སྡོད་ས་ཚིགས་མཛུབ་སྟོན་ཚོགས་ཆུང་གི་བྱ་བར་ཁས་ལེན་གང་ལེགས་གནང་།
ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་གིས་ནན་གྱིས་བསྟན་དོན། མིག་སྔར། སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་སྐོར་དང་པོ་མཐའ་མའི་གདོང་མཆོང་གི་དུས་སུ་སླེབས་ཤིང་། “མཐའ་མཇུག་གི་ལེ་བར་གཅིག”གི་མཚམས་ལ་ཉེ། བཅའ་སྡོད་ས་ཚིགས་མཛུབ་སྟོན་ཚོགས་ཆུང་སོ་སོས་བཅའ་སྡོད་ས་ཚིགས་ས་ཁུལ་གྱིས་སྔར་ལས་ལྷག་པར་བསམ་བློའི་ངོས་ཟིན་མཐོར་འདེགས་པར་ལྟ་སྐུལ་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས“འགག་སྒོ་བརྒལ་བ་ཕྱིར་འགྱངས”དང་། “དོན་མེད་སྤྲོ་སྣང་།” “མ་བརྟག་ཁྱུར་མིད”སོགས་ཀྱི་བསམ་བློའི་འཁྱེར་སོ་སེལ་བ། ཚད་གཞི་སྔར་ལས་མཐོ་བ་དང་། བླང་བྱ་སྔར་ལས་གཟབ་པ། བྱེད་ཐབས་སྔར་ལས་དངོས་མཐུན། ལས་སྲོལ་སྔར་ལས་དམ་པའི་སྒོ་ནས་གཏིང་ཟབ་ཅིང་ཞིབ་ཆ་ལྡན་ལ། གཟབ་ནན་དངོས་མཐུན་གྱིས་ལྟ་སྐུལ་བྱེད་དགོས། ནོར་བ་ཡོ་བསྲང་བཅོས་སྒྲིག་ལ་འབད་པས་སྐུལ་འདེད་བྱེད་པར་ལྟ་སྐུལ་དང་། གཙོ་གནད་གྱོད་གཞིའི་སྐུད་སྣེ་རྩད་ཞིབ་ཐག་གཅོད་ལ་དམ་པོར་དམིགས་པ། བྱང་འགེལ་གྱོད་གཞི་རྩད་ཞིབ་དང་སྐུད་སྣེ་གཙང་འཚོལ་གཉིས་འབུར་དུ་དོད་པ། དགེ་མཚན་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཙོ་གནད་སྐུད་སྣེ་དཔྱད་ཞིབ་འགག་སྒྲོལ་བྱེད་དགོས། ནད་རྙིང་བཅོས་སྐྱོང་གིས་ཆད་པ་སྐུང་བ་དང་ཞན་པ་གསབ་པར་དམ་པོར་དམིགས་པ་དང་། “མེད་པ་བརྟོལ་བ”དང“གཙང་སེལ་བྱེད་པ།” “སྐུད་འཚོལ་སྐོར་ཞིབ”སོགས་ཀྱི་ཆེད་དོན་འགུལ་སྐྱོད་དངོས་འབེབས་ལེགས་པོར་འཛིན་པར་ལྟ་སྐུལ་བྱས་ཏེ། སྤྱི་ཡོངས་དང་འགག་སྒྲོལ་གྱི་ལས་ཀ་ལེགས་པོར་སྒྲུབ་དགོས། “སྣེ་གཉིས་བཟུང་ནས་བར་དཀྱིལ་ཁྲིད་པར”དམ་པོར་དམིགས་པ་དང་། སྔོན་ཐོན་ས་ཁུལ་དང་ལས་ཁུངས་ཀྱིས་ཡང་བསྐྱར་སྟོབས་སྐྱེད་པར་ལྟ་སྐུལ་བྱེད་པ། རྗེས་ལུས་ས་ཁུལ་དང་ལས་ཁུངས་གཙོ་གནད་དུ་བཟུང་ནས་སྐུལ་ལྕག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། མུ་མཐུད་དུ“ངས་དམངས་ལ་དངོས་དོན་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བར་ལྟ་སྐུལ་བྱེད་པ་དང་། དམངས་དོན་དམངས་བདེ་དམངས་ཕན་བཅས་ཀྱི་བྱེད་ཐབས་གསར་པ་སྐོར་ཞིག་མུ་མཐུད་དུ་བཏོན་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་ཆེར་བཏང་ནས། ངེས་པ་དོན་གྱིས་མི་དམངས་མང་ཚོགས་ལ་སློབ་གསོ་དག་ཐེར་གྱིས་བསྐྲུན་པའི་འཕོ་འགྱུར་གསར་པ་དང་རྣམ་པ་གསར་པ་ཉམས་སུ་མྱོང་དུ་འཇུག་དགོས། སྒྲིག་བཟོ་ལུགས་འཛུགས་ལེགས་པོར་འཛིན་པར་ལྟ་སྐུལ་བྱས་ཏེ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་དགོས། དཔྱད་དཔོག་ཞིབ་བཤེར་བྱ་བ་གཟབ་ནན་གྱིས་སྤེལ་བར་སྐུལ་བ་དང་། བསམ་འཆར་ཕྱིར་སློག་ལེགས་པོར་སྒྲུབ་པ། “ཕྱིར་མིག་ལྟ་བའི”གཙོ་གནད་གསལ་པོར་བཟོས་ཏེ། ངེས་པ་དོན་གྱིས་སྤྱི་སྡོམ་དང་གོ་རིམ་མཐོར་འདེགས་ཀྱི་བྱ་བ་སོ་སོ་ལེགས་པོར་འཛིན་དགོས་ཞེས་བསྟན།
ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་གིས་བཅའ་སྡོད་ས་ཚིགས་མཛུབ་སྟོན་ཚོགས་ཆུང་སོ་སོས་གཟབ་ནན་སྒོས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་སྐོར་དང་པོའི་བྱ་བའི་ལས་རིམ་ལ་དཔེ་བསྡུར་བྱེད་པ་དང་། སྤུས་ཚད་དང་གྲངས་ཚད་ལ་ཁག་ཐེག་བྱས་ཏེ་གཏན་འབེབས་འགུལ་སྐྱོད་སོ་སོ་ལེགས་པོར་སྒྲུབ་དགོས་ལ། སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་སྐོར་དང་པོའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ནན་ཏན་སྒོས་ལེགས་འདོན་སྤྱི་སྡོམ་བྱེད་པ་དང་། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་དང་ཞིང་ཆེན་སློབ་གསོ་དག་ཐེར་གཞུང་ལས་ཁང་ལ་དོན་སྙིང་ལྡན་པའི་བསམ་འཆར་འདོན་པར་ལྷུར་ལེན་བྱེད་དགོས། ལྟ་སྐུལ་མཛུབ་སྟོན་ཁྲོད་ནས་སྤྱི་འདོམས་ཟུང་འབྲེལ་ལ་མཐོང་ཆེན་བྱེད་པ་དང་། “བདུན་གཅིག”གི་བདེ་སྲུང་བརྟན་ལྷིང་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བཟུང་ནས་ལེགས་པོར་སྒྲུབ་པ། སློབ་གསོ་དག་ཐེར་དང་སྲིད་ཁྲིམས་དཔུང་ཁག་གིས་འགན་འཁྲི་ལེགས་སྒྲུབ་གཉིས་ཟུང་འབྲེལ་དམ་པོར་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྲིད་ཁྲིམས་དཔུང་ཁག་གི་ཉེན་ཁ་འགོག་པ་དང་བདེ་འཇགས་སྲུང་བ། བརྟན་ལྷིང་རྒྱུན་འཁྱོངས་བཅས་ཀྱི་གྲུབ་འབྲས་ཀྱིས་སློབ་གསོ་དག་ཐེར་གྱི་ཕན་འབྲས་ལ་ཚོད་བགམ་བྱས་ཏེ། ངེས་པ་དོན་གྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས་པའི་བླང་བྱ་བཏོན། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་པས་ཞིང་ཆེན་རིམ་པའི་བཅའ་སྡོད་ས་ཚིགས་མཛུབ་སྟོན་ཚོགས་ཆུང་གི་བརྙན་ལམ་བྱ་བའི་རྒྱུན་ལྡན་ཚོགས་འདུ་ཐེངས་གསུམ་པ་བསྡུས།