མཚོ་སྔོན་པོ་སོགས་ས་ཁོངས་ཀྱི་ཆུ་ཁོངས་གཞི་ཁྱོན་ཇེ་ཆེར་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས(2020ལོ)》ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་མཚོ་སྔོན་པོ་སོགས་ས་ཁོངས་ཀྱི་ཆུ་ཁོངས་གཞི་ཁྱོན་ཇེ་ཆེར་གྱུར་ཡོད།

 སྤྱི་བསྒྲགས་ལྟར་ན། 2020ལོར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ30ཡན་གྱི་མཚེའུ་སྤྱིའི་གཞི་ཁྱོན་ལོ་སྔོན་མ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ39.14འཕར་སྣོན་བྱུང་ཡོད། 2010ལོར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མཚེའུ་གཞི་ཁྱོན་རྒྱ་བསྐྱེད་པའི་རྣམ་པ་མངོན་ཡོད། 2020ལོར་མཚོ་སྔོན་པོའི་ཆུ་རྒྱས་པའི་སྐབས་ཀྱི་མཚེའུ་གཞི་ཁྱོན་ལོ་སྔོན་མ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ22.12ཇེ་ཆེར་གྱུར་ལ། ཆུ་ཆུང་བའི་དུས་ཀྱི་མཚེའུ་གཞི་ཁྱོན་དེ་ལོ་སྔོན་མ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ13.03ཇེ་ཆེར་གྱུར། 2010ལོ་ནས་བཟུང་མཚོ་སྔོན་པོའི་གཞི་ཁྱོན་བསྟུད་མར་རྒྱ་བསྐྱེད་པའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།