ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་དུས་སྐབས་འདིར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གསར་དུ་མིང་བཏགས་པའི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་དཔེ་སྟོན་རྟེན་གཞི111ཁྲོད། མཚོ་སྔོན་ཞིང་ཆེན་གྱི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་སྡོད་གནས་རྙིང་བ(དམག་དཔོན་ཆེན་པོའི་ཐོག་ཁང)དང་མཚོ་བོད་ལྕགས་ལམ། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་དྲན་གསོ་ཁང་བཅས་བདེ་བླག་ངང་བདམས་ཐོན་བྱུང་།
བདམས་ཐོན་བྱུང་རྗེས། མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི8ཡོད་པ་དང་། གཞན་པའི་རྟེན་གཞི5ནི་སོ་སོར་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་དང་། མཚོ་སྔོན་རྡུལ་ཕྲན་གྲོང་ཁྱེར(ཀྲུང་གོའི་ཉིང་རྡལ་མཚོན་ཆ་ཞིབ་འཇུག་གསར་བཟོ་རྟེན་གཞི་ཐོག་མ)། མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་དངོས་མང་བཤམས་སྟོན་ཁང་། མཚོ་སྔོན་ལི་ཏུའུ་ལིའུ་ཝན་ཚོན་རྫའི་དངོས་མང་བཤམས་སྟོན་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དམར་དམག་ལུང་བའི་གསར་བརྗེ་གནའ་ཤུལ་བཅས་ཡིན།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྔར་ལས་ལྷག་པར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། “ལོ་རྒྱུས་བཞི”ཡི་དྲིལ་བསྒྲགས་སློབ་གསོ་སོགས་བྱ་འགུལ་གལ་ཆེན་ཁྲོད་ཀྱི་ཕན་ནུས་ལེགས་པོར་བཏོན་ཏེ། འགྲེམ་སྟོན་བཤམས་སྟངས་ཇེ་ལེགས་སུ་གཏོང་བ་དང་། ལྟ་སྐོར་ལམ་ཐིག་ལེགས་སྒྱུར་བྱས་ཏེ། དྲིལ་བསྒྲགས་སློབ་གསོའི་བྱེད་ནུས་སྔར་ལས་འདོན་སྤེལ་བྱ་རྒྱུ་དང་། ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལེགས་པོར་བརྗོད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ལེགས་པོར་བརྗོད་པ་བཅས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་ཏུ་ན་གཞོན་རྣམས་ལ་སྐུལ་མ་བཏང་སྟེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། མུ་མཐུད་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་སྔོན་གྱི་འགྲེམ་སྟོན་ཁང3རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་ནང་བདེ་བླག་ངང་བདམས་ཐོན་བྱུང་།