“མཐོ་སྒང་གི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི”གླེང་སྟེགས་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་པེ་ཅིང་དགེ་ཐོན་སློབ་ཆེན་མཐོ་སྒང་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་དང་རྒྱལ་ཡོངས《གེ་སར》བྱ་བའི་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། 《ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས》རྩོམ་སྒྲིག་ཁང་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གེ་སར་ཞིབ་འཇུག་ལྟེ་གནས། མཚོ་སྔོན་དགེ་ཐོན་སློབ་གྲྭ་སོགས་ཀྱིས་འགན་སྒྲུབ་གནང་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གླེང་སྟེགས་མཚོ་སྔོན་དགེ་ཐོན་སློབ་གྲྭར་འཚོགས། 

དུས་ཡུན་ཉིན་གསུམ་གྱི་གླེང་སྟེགས་དེར་གཙོ་དོན་གཏམ་བཤད་དང་ཡན་ལག་གླེང་སྟེགས།  གླིང་སྒྲུང་གི་འགུལ་རིས་གློག་བརྙན་ཆེན་མོ《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་བོ》གཟིགས་འབུལ་དང་། གཙགས་དྲུབ《གླིང་དཔའ་རྟུལ་སུམ་ཅུ》འགྲེམས་སྟོན་བྱེད་པ་བཅས་ཀྱི་ནང་དོན་འདུས་ཡོད། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་ཆེད་མཁས་པ་དང་མཁས་དབང80ལྷག་ཙམ་དང་། ས་གནས་སྲིད་གཞུང་གི་འཐུས་མི། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ།  ཁེ་ལས་པ་དང་སྒྱུ་རྩལ་པ་སོགས་མི200ལྷག་གླེང་སྟེགས་འདིར་ཞུགས་ཡོད། 

“高原非遗与铸牢中华民族共同体意识”GAO-YUAN非遗论坛在西宁召开36.png

ཐེངས་འདིའི་གླེང་སྟེགས་སྟེང་། ཆེད་མཁས་པ་དག་གིས་མཐོ་སྒང་གི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་པ་དང་།  གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན། རིག་ཚན་བཅས་འཛུགས་སྐྱོང་། རྨ་ཆུའི་རིག་གནས་དང་མཐོ་སྒང་གི་གཟུགས་འདས་ཤུལ་བཞག་རིག་གནས། གེ་སར་རིག་གནས་དང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན།    མཐོ་སྒང་གི་གཟུགས་འདས་ཤུལ་བཞག་རིག་གནས་དང་དམངས་སྲོལ་འཚོ་བའི་གནས་ཚུལ་སོགས་ཀྱི་བརྗོད་བྱའི་ཐད་དཔྱད་གླེང་གནང་། མཚོ་སྔོན་དགེ་ཐོན་སློབ་གྲྭའི་སློབ་གཙོ་གཞོན་པ་ཡའེ་ཁྲིན་ཧྥུའུ་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་ཡི་ཏང་ཨུའི་ཧྲུའུ་ཅི་ལི་ཅིན་ཧྥུན། ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཡོན་ཀྲང་དང་ཀྲུང་གོ་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཧྥུའུ་ཀྲུའུ་བཅས་ཀྱིས་མགོ་ཚུགས་མཛད་སྒོའི་སྟེང་དུ་གཏམ་བཤད་གནང་བ་དང་། རྒྱལ་ཡོངས 《གེ་སར》བྱ་བའི་མགོ་ཁྲིད་ཚོགས་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་མགོ་ཚུགས་མཛད་སྒོར་མགོ་འཛིན་གནང་། 

“高原非遗与铸牢中华民族共同体意识”GAO-YUAN非遗论坛在西宁召开280.png

“高原非遗与铸牢中华民族共同体意识”GAO-YUAN非遗论坛在西宁召开629.png

གླེང་སྟེགས་ཐོག རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ཁག་ལྔ་པའི་ནང་ཚུད་པའི་ཀོས་ནན་གཙགས་དྲུབ་སྒྱུ་རྩལ་ལས་འཁྲུངས་བའི《གླིང་དཔའ་རྟུལ་སུམ་ཅུ》འགྲེམས་སྟོན་བྱས་ཡོད་པ་དང་། གླིང་སྒྲུང་གི་འགུལ་རིས་གློག་བརྙན་ཆེན་མོ《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཡང་གཟིགས་འབུལ་བྱས་པར་མི་རྣམས་ཀྱི་དོ་ཁུར་ཆེན་པོ་ཐོབ། ཕུན་སུམ་ཚོགས་པའི་མཐོ་སྒང་གི་གཟུགས་འདས་ཤུལ་བཞག་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་མི་རིགས་སོ་སོའི་རྩ་ཆེ་བའི་བསམ་པའི་དཔལ་ཡོན་ཡིན་པ་དང་། དེས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་དུ་འཕགས་པའི་བསམ་པའི་མཚོན་རྟགས་དང་ཐོབ་ཐང་གི་ངོས་འཛིན་གཅིག་མཐུན་ཡང་མཚོན་ཡོད། །

“高原非遗与铸牢中华民族共同体意识”GAO-YUAN非遗论坛在西宁召开1149.png

“高原非遗与铸牢中华民族共同体意识”GAO-YUAN非遗论坛在西宁召开1428.png

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།