ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་སོགས་གྲོང་ཁྱེར་དང་རྫོང8ལ“མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་དང་ཞིང་ཕྱུགས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང”གི་མཚན་སྙན་གནང་།
《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས〈ཟས་རིགས་བདེ་འཇགས་གྲོང་ཁྱེར་དང་རྫོང་གསར་སྐྲུན་བྱ་བའི་སྐོར་གྱི་བརྡ་སྦྱོར〉》གྱི་བླང་བྱ་ལྟར། ཞིང་ཆེན་མི་དམངས་སྲིད་གཞུང་ཟས་རིགས་སྨན་རྫས་ཨུ་ཡོན་ལྷན་ཁང་གིས་གསར་སྐྲུན་གོ་རིམ་དང་ཚད་གཞི་ལྟར། གསར་སྐྲུན་ས་ཁུལ་དུ་སོ་སོར་དཔྱད་འཇོག་དང་ཡུལ་དངོས་དཔྱད་འཇོག་བསྡུ་ལེན་བྱེད་པ། ཕྱོགས་བསྡུས་དཔྱད་འཇོག་དང་སྤྱི་ཚོགས་ཡོངས་བསྒྲགས་སོགས་ཀྱི་བྱ་བ་སྤེལ། ཕྱོགས་བསྡུས་དཔྱད་བསྡུར་བྱས་པ་བརྒྱུད། གསར་སྐྲུན་ས་ཁུལ18ཞིང་ཆེན་རིམ་པའི་ཟས་རིགས་བདེ་འཇགས་གྲོང་ཁྱེར་དང་རྫོང་གསར་སྐྲུན་གྱི་ཚད་གཞིར་སླེབས།
མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་དང་། གཏེར་ལེན་ཁ་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར། ཧེ་ཡན་རྫོང་། གུང་ཧོ་རྫོང་། ཐུན་རིན་གྲོང་ཁྱེར། རྨ་ཆེན་རྫོང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་རྫོང8ལ“མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་དང་ཞིང་ཕྱུགས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང”གི་མཚན་སྙན་གནང་།
མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། ཝུའུ་ལན་རྫོང་། ཆི་ལེན་རྫོང་། མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་། ཁྲི་ཀ་རྫོང་། གཅན་ཚ་རྫོང་། པད་མ་རྫོང་། ནང་ཆེན་རྫོང་བཅས་རྫོང10ལ“མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་དང་ཞིང་ཕྱུགས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང”གི་མཚན་སྙན་གནང་།
ཞིང་ཆེན་སྲིད་གཞུང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར། གསར་སྐྲུན་ས་ཁུལ་སོ་སོས་ཏན་ཏིག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། རང་ས་ཁུལ་གྱི་ཟས་རིགས་བདེ་འཇགས་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣོན་དང་། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། ཞིང་ས་ནས་ཟས་ཅོག་སྟེང་གི་གོ་རིམ་ཧྲིལ་བོའི་ལྟ་སྐུལ་གྱི་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། གསར་སྐྲུན་གྲུབ་འབྲས་སྲ་བརྟན་དང་གསར་སྐྲུན་ཕན་འབྲས་རྒྱ་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་གྱི་གྲོང་ཁྱེར་དང་རྫོང18ལ་ཞིང་ཆེན་རིམ་པའི་ཟས་རིགས་བདེ་འཇགས་གྲོང་ཁྱེར་དང་རྫོང་གི་མཚན་སྙན་གནང་།