ཝང་ལིས་མེན་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་སོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་སོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་མ་ཟད། ཁེ་ལས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཁྲིད་བྱས།

ཝང་ལིས་མེན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་ནི་མིག་སྔའི་ཞིང་ཆེན་གོང་འོག་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་ལ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ་དང་རྒྱུས་ལོན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། སློབ་སྦྱོང་ལག་བསྟར་དང་དྲིལ་སྒྲོག་སྒྲོག་འགྲེལ། ལག་བསྟར་བྱ་བ་དམ་འཛིན་བྱེད་དགོས།

ཝང་ལིས་མེན་གྱིས་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཚོ་སྔོན་གྱི་རྒྱལ་དབང་ཁེ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། གཙོ་བོར་རྒྱབ་ལྗོངས་དང་གོ་དོན་གཙོ་བོ། མཚོ་སྔོན་གསར་བའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་གསལ་བཤད་བྱས་ནས། རྒྱལ་དབང་ཁེ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཁོས་བཤད་རྒྱུར། མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱིས་ང་ཚོར་བསམ་པའི་སྟོབས་ཤུགས་ཆེན་པོ་བསྩལ་བ་དང་། དེ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ཀྱི་རྒྱུ་ནོར་རྩ་ཆེན་དང་སྒུལ་ཤུགས་ཆེན་པོ་ཡིན།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། 2021ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་ལ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་སྐྱོད་འགོ་རྩོམ་པའི་ལོ་ཡང་ཡིན་པ་དང་། མཚོ་སྔོན་གསར་བའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ལོ་རྒྱུས་ཐད་ཀྱི་ལག་བསྟར་ཆེས་བཟང་བོ་དང་རྗེས་དྲན་ཡིན་པས། ཁེ་ལས་ཀྱིས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་དེ་གོ་སྐབས་སུ་བརྩི་བ་དང་། རྩེར་འཛེག་རྒྱང་བལྟ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་དགོས། རང་རྟོན་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་བྱས་ནས། རྒྱལ་དབང་ཁེ་ལས་ཚོང་ར་ཅན་དུ་བསྒྱུར་བའི་བཅོས་བསྒྱུར་ཐད་ནས་རྩ་བའི་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱེད་དགོས། མཐུན་སྒྲིལ་བློས་གཏོང་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱེད་དགོས། འབད་འཐབ་ལྷོད་མེད་བྱེད་པ་དང་། དར་སྤེལ་བཏང་ནས། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།