《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཞེས་པའི་འགུལ་རིས་གློག་བརྙན་ཆེན་མོ་ཟི་ལིང་ནས་ཐོག་མར་ནང་ཁུལ་དུ་བསྟན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཕག་གྲུ ཚེ་རིང་དོན་གྲུབ)ཟླ6པའི་ཚེས19ཉིན། ཕབ་སྐྲུན་པ་གྲགས་ཅན་མེང་ཧྥན་ཡའོ་ཡིས་ཕབ་སྐྲུན་དང་ལུའུ་ཆི་ཡིས་འཁྲབ་ཁྲིད་བྱས་ཞིང་། ལྷག་པ་ཕུན་ཚོགས་སོགས་བོད་རིག་པ་ཞིབ་འཇུག་གི་ཆེས་མཐོའི་ཆུ་ཚད་མངོན་པའི་དགེ་རྒན་ཆེན་མོ་བ་འགས་བོད་རིག་པའི་བློ་འདྲི་བ་གནང་བའི《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཞེས་པའི་འགུལ་རིས་གློག་བརྙན་ཆེན་མོ་ཟི་ལིང་ནས་ཐོག་མར་ནང་ཁུལ་དུ་གཟིགས་འབུལ་བྱས། ལོ་གསུམ་ལྷག་ལ་ཕབ་སྐྲུན་བྱས་པའི་འགུལ་རིས་གློག་བརྙན་ཆེན་མོ་འདི་ཐོག་དང་པོར་གློག་བརྙན་ཁང་གི་བརྙན་ཡོལ་ནས་བསྟན་པ་རེད།    

4.jpg

པར་འདི་ནི《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཞེས་པའི་གློག་བརྙན་གྱི་འགྲེམ་པར་རེད།

གློག་བརྙན་འདིའི་ནང་དུ་དུས་རབས་བར་མའི་དུས་སུ། བདུད་ཆེན་རིགས་བཞིས་མི་རྣམས་ལ་གནོད་འཚེ་ཆེན་པོ་བཏང་བ་དང་། དེའི་སྐབས་དེར། ལྷ་ཕྲུག་ཅིག་མི་ཡུལ་དུ་འཕོས་ནས་དཀའ་སྡུག་མང་པོ་ཟིལ་གྱིས་མནན་ཞིང་མཇུག་མཐར་གླིང་གི་རྒྱལ་བོའི་རྒྱལ་ཁྲིར་འཁོད་པ་དང་། མི་རྣམས་ཀྱི་སྣེ་ཁྲིད་དེ་གཤེན་ངན་གྱི་ཚོགས་རྡུལ་དུ་བརླག་པའི་ངོ་མཚར་བའི་གཏམ་རྒྱུད་ཁོད་ཡོད།       

微信图片_202106191859492.jpg

པར་འདི་ནི་འཁྲབ་ཁྲིད་པ་ལའོ་ཆི(གཡོན་གྱི་གསུམ་པ)དང་ཕབ་སྐྲུན་པ་མེང་ཧྥན་ཡའོ(གཡས་གྱི་གསུམ་པ) བོད་རིག་པའི་བློ་འདྲི་བ་ནོར་བུ་དབང་ལྡན(གཡོན་གྱི་གཉིས་པ)བཅས་ཡུལ་དངོས་སུ་ཞུགས་པའི་རྣམ་པ་རེད།

གླིང་གེ་སར་རྒྱལ་བོ་ནི་བོད་རིགས་མི་དམངས་ཀྱི་སེམས་ཁོང་གི་དཔའ་བོ་ཡིན་པ་དང་། ཁོང་གི་ཕྱོགས་བཞིའི་དགྲ་འདུལ་གྱི་ལོ་རྒྱུས་བརྗོད་པའི《གླིང་གེ་སར་རྒྱལ་བོའི་སྒྲུང》ལ“ཤར་ཕྱོགས་ཀྱི་ཧི་མ་ལོ་རྒྱུས་དོན་མཚོན་སྙན་ངག”ཅེས་པའི་མཚན་སྙན་ཡོད། དེས་གནའ་བོའི་བོད་རིག་གནས་ཀྱི་ཆེས་མཐོའི་ཆུ་ཚད་མཚོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་མིང་ཐོའི་གྲས་སུ་བཅུག་ཡོད། 

2.png

པར་འདི་ནི་གློག་བརྙན་གཟིགས་འབུལ་གྱི་ཡུལ་དངོས་རེད།

《གླིང་གེ་སར་རྒྱལ་བོའི་སྒྲུང》ནི་རྩོམ་རིག་དང་རོལ་མོ། བྲོ་གར་དང་བརྙན་འཕྲིན། ཟློས་གར་སོགས་སྒྱུ་རྩལ་རྣམ་པ་གང་མང་གིས་ཞིབ་བརྗོད་དང་རྒྱུད་འཛིན་བྱས་ཡོད་ཀྱང་། འགུལ་རིས་གློག་བརྙན་གྱི་རྣམ་པའི་བརྩམས་ཆོས་ཧ་ཅང་ཉུང་། གློག་བརྙན་འདིར། བརྙན་ཡོལ་ཆེན་པོའི་ལངས་གཟུགས་འགུལ་རིས་གློག་བརྙན་གྱི་ལག་རྩལ་སྤྱད་ཡོད་པ་དང་། ཚན་རྩལ་མཐོན་པོ་དང་མཐོང་ཚོར་ཤུགས་དྲག་གིས་གཟིགས་མོ་བ་རྣམས་ལ་རྣམ་པ་གཞན་ཞིག་གི་ལམ་ནས་གླིང་སྒྲུང་ཁྲོད་ཀྱི་ལྷའི་འཇིག་རྟེན་གྱི་བཀོད་པ་མངོན་པར་བསྟན་ཡོད་ལ། གསོན་ཉམས་ལྡན་ཞིང་འབུར་དུ་དོད་པའི་རྣམ་པས་གེ་སར་རྒྱལ་བོའི་ངོ་མཚར་བའི་ངག་རྒྱུན་བརྗོད་ཡོད། 

3.png

པར་འདི་ནི་གློག་བརྙན《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཡི་འགྲེམ་པར་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།