ཝུའུ་ཞོ་ཅུན་མཚོ་ཤར་གྲོང་ཁྱེར་མེན་ཧི་རྫོང་དུ་སོང་སྟེ་འགན་ལེན་མཉམ་འབྲེལ་ལས་གཞི་གལ་ཆེན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད་ཡུལ་དངོས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞོ་ཅུན་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་སྟེ་འགན་ལེན་མཉམ་འབྲེལ་ལས་གཞི་གལ་ཆེན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད་མགོ་འཛིན་བྱས་ནས་ཡུལ་དངོས་གྲོས་ཚོགས་བསྡུས་ཏེ། འབྲེལ་ཡོད་ལས་ཁུངས་དང་གྲོང་ཁྱེར་དང་རྫོང་གི་ཡར་ཞུ་ལ་ཉན་པ་དང་། མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་བར་བཀོད་སྒྲིག་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཆགས་པར་བྱེད་པ་དང་རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་དང་ལེན་བྱེད་དགོས་ལ། གཟེར་འདེབས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གནད་དོན་སྣ་ཚོགས་ཀྱི་དག་ཐེར་བཅོས་སྐྱོང་བྱ་བ་ཞིབ་ཕྲ་སྒོས་བསྒྲུབ་པར་དགོས་པར་མ་ཟད། ཧུར་ཐག་སྒོས་མདོ་དབུས་མཐོ་སྒང་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་གསར་སྐྲུན་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞོ་ཅུན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་ལ། མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་འགན་འཁྲི་ཧ་ཅང་ལྗིད། གཅིག ལངས་གནས་མཐོར་འདེགས་སུ་གཏོང་བ་དང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། གཉིས། གནད་ས་གཅིག་སྡུད་བྱེད་པ་དང་གནད་ཁེལ་ཇུས་བསྟར་བྱེད་དགོས། གསུམ། བྱ་བའི་མགྱོགས་ཚད་གསལ་བོར་ཤེས་པར་བྱེད་པ་དང་རང་འགུལ་ཁོང་དུ་ཆུད་པར་བྱེད་དགོས། བཞི། སྤུས་ཚད་འགན་སྲུང་བྱེད་པ་དང་ཕན་འབྲས་ཐོབ་པར་བྱེད་དགོས། ལྔ། གཅིག་གྱུར་གྱི་འཆར་འགོད་ལ་ཤུགས་བསྣན་ནས་མཉམ་ཤུགས་ཆགས་པར་བྱེད་དགོས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།