མཚོ་སྔོན་གྱིས“རྨ་ཆུའི་འགག་གསུམ”གྱི་ཆུ་ཐོག་སྐྱེལ་འདྲེན་ལམ་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན། མཚོ་སྔོན་གྱི“རྨ་ཆུའི་འགག་གསུམ”གྱི་ཆུ་ཐོག་སྐྱེལ་འདྲེན་ལམ་དངོས་སུ་ཤར་གཏོང་བྱས།

“རྨ་ཆུའི་འགག་གསུམ”གྱི་ཡུལ་སྐོར་ལམ་ཐིག་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་དུ་ཡོད་ཅིང་། ཆུ་ལམ་དེ་ཝན་ལིས་གྲུ་ཁ་ནས་སུམ་པ་འགག་གི་ཞ་ཀུའུ་གྲོང་རྡལ་ཧུ་ཧྲི་དང་ཝན་ལིས་གྲུ་ཁ་ནས་ཧྲ་ལིའུ་ཝན་གླིང་ཕྲན་བར་དང་། ཝན་ལིས་གྲུ་ཁ་ནས་གནམ་རྫོང་འགག་གྲུ་ཁའི་བར་གྱི་ཆུ་ཐོག་གི་ཡུལ་སྐོར་ལམ་ཐིག་གསུམ་ཤར་གཏོང་བྱས་ཡོད། ཆུ་ཐོག་སྐྱེལ་འདྲེན་ལམ་དུ་མགྱོགས་གྲུ་དང་ཡུལ་སྐོར་གྲུ་གཟིངས་བཅས་ཀྱི་གྲུ4གཏོང་རྩིས་ཡོད་ལ།  རྗེས་མར་ཡུལ་སྐོར་བའི་གྲངས་འབོར་དང་འཁོར་སྐྱོད་གནས་ཚུལ་ལ་གཞིགས་ནས་རིམ་བཞིན་གྲུ་གཟིངས་ཀྱི་གྲངས་འབོར་ཇེ་མང་དུ་གཏོང་རྒྱུ་རེད།

“རྨ་ཆུའི་འགག་གསུམ”ཡུལ་སྐོར་ལམ་ཐིག་གི་ལམ་རྒྱུད་ཀྱི་མཛེས་ལྗོངས་ལྟ་ན་སྡུག་པ་དང་ལམ་རྒྱུད་དུ་ས་དམར་དང་། མཚེའུ། ནགས་ཚལ་སོགས་ཀྱི་རང་བྱུང་མཛེས་ལྗོངས་མང་དུ་ཡོད་པ་མ་ཟད། ད་དུང་ཆུ་བྱའི་འཚོ་སྡོད་བྱ་ཡུལ་འགའ་ཡང་ཡོད་ལ། ཡུལ་སྐོར་བས་རང་བྱུང་མཛེས་ལྗོངས་ལྟ་སྐོར་བྱེད་པ་དང་ཆབས་ཅིག་ཁྲུང་ཁྲུང་མགོ་ཁྲ་དང་། ངང་སེར། ངང་དཀར་སོགས་ཀྱི་རི་སྐྱེས་སྲོག་ཆགས་ཆུ་བྱ་མཐོང་ཐུབ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།