མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན།གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན།ད་ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པའི་གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་གཏན་འཁེལ་ལག་བསྟར་དངོས་འབེབས་བྱས་ཏེ།རང་ཞིང་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བ་དངོས་སུ་ཕྲག་ཏུ་ལེན་ཆེད།《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་རྒྱུའི་སྐོར་གྱི་བརྡ་སྦྱོར》གྱི་འབྲེལ་ཡོད་བླང་བྱ་ལྟར།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད།རང་ཞིང་གིས་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས།

མགོ་ཁྲིད་ཚན་ཆུང་དེ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་ཀྱི་སྡེ་ཁག་དང་སྡེ་ཚན38ཀྱིས་གྲུབ་པ་དང་།འགན་འཁྲི་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཇུས་ཆོད་ཁྱོན་ཡོངས་ནས་དངོས་འབེབས་བྱེད་རྒྱུ་དེ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར་གཅིག་གྱུར་མཐུན་སྦྱོར་དང་།ནར་མ་སོན་པའི་མིའི་སྲུང་སྐྱོབ་ཐད་ཀྱི་དོན་བྱ་གལ་ཆེན་ལ་ཞིབ་འཇུག་དང་གྲོས་ཞིབ། འབྲེལ་ཡོད་སྡེ་ཁག་གིས་ནར་མ་སོན་པའི་མིའི་སྲུང་སྐྱོབ་ཐད་ཀྱི་འཆར་འགོད་དང་སྲིད་ཇུས།བྱེད་ཐབས།ཚད་གཞི་སོགས་བཟོ་བར་གཅིག་གྱུར་སྐུལ་འདེད།ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཁྲིམས་བཀོད་འགན་འཁྲི་ལྟར་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པ།རང་འགན་ཡག་པོ་མི་སྒྲུབ་པ་དང་ཤུགས་རྐྱེན་ངན་པ་བཟོས་པའི་སྡེ་ཁག་དང་ས་ཁུལ་གྱིས་སྐུལ་སྒྲུབ་འགན་འཁྲི་འདྲི་རྩད་བྱེད་པར་ཤུགས་སྣོན་པ། ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་ཉམས་མྱོང་སྤྱི་བསྡོམས་དང་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ། སྡོམ་རྩིས་ཞིབ་བཤེར་དང་དྲིལ་སྒྲོག་སློབ་གསོ། གཟེངས་བསྟོད་བྱ་དགའི་བྱ་བ་སོགས་ཀྱི་ནང་དོན་རྩ་འཛུགས་ཀྱིས་སྤེལ་རྒྱུ་རེད།

མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་ནི་ཞིང་ཆེན་དམངས་སྲིད་ཐིང་དུ་བཙུགས་ཡོད་ལ།མགོ་ཁྲིད་ཚན་ཆུང་གི་དུས་རྒྱུན་གྱི་བྱ་བ་དང་དུ་བླངས་ཡོད།ཞིང་ཆེན་དམངས་སྲིད་ཐིང་གིས་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་དམངས་སྲིད་སྡེ་ཁག་ལ་བསྩལ་བའི་འབྲེལ་ཡོད་འགན་ནུས་དང་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགན་འཁྲི་ཕྲག་ཏུ་བླངས་ནས།རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ས་གནས་སྲིད་གཞུང་དང་མཐུན་སྦྱོར་བྱེད་པར་ཁྲིད་སྟོན་བྱེད་པ་དང་།གྲོང་ཁྱེར་དང་རྫོང་སོ་སོས་མྱུར་དུ་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པར་མ་ཟད།དམངས་སྲིད་ཀྱི་འགན་ནུས་ལྟར།དམངས་སྲིད་སྡེ་ཁག་གིས་མཐིལ་རྟོལ་ལྟ་སྐུལ་དང་གནས་སྐབས་ཀྱི་ལྟ་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོར་དམིགས་ཏེ།ནར་མ་སོན་པའི་མིའི་བདེ་སྐྱིད་ཇེ་མཐོར་གཏོང་ཅི་ཐུབ་བྱེད་པ་དང་།ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་ཅི་ཐུབ་བྱས་ཏེ།རིམ་པ་སོ་སོའི་ནར་མ་སོན་པའི་མིའི་སྐྱོབ་རོགས་དང་སྲུང་སྐྱོབ་ལས་ཁུངས་ཀྱི་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་ཅི་ཐུབ་བྱེད་རྒྱུ།

མགོ་ཁྲིད་ཚན་ཆུང་གྲུབ་པ་དེས།འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་སྐྲུན་པའི་ནང་གནས་བླང་བྱ་མངོན་པར་མཚོན་ཡོད་པ་དང་།ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བསྐྱོད་པར་རྨང་གཞི་བརྟན་པོ་བཏིང་བར་མ་ཟད།སྲིད་གཞུང་གིས་སྲུང་སྐྱོབ་བྱེད་པ་དེ་ཁྲིད་ཕྱོགས་སུ་འཛིན་པ་དང་།ཁྱིམ་ཚང་དང་སློབ་གྲྭ།སྤྱི་ཚོགས།ཁྲིམས་འཛིན།དྲ་རྒྱ་སོགས་ཀྱི་ཕྱོགས་སོ་སོ་ནས་སྲུང་སྐྱོབ་བྱེད་པའི་རྣམ་པ་གསར་པ་གཏོད་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།