སྤྲོ་གསེང་འཛད་སྤྱོད་ལྷང་ངེ་སར་གྱུར་པ།

ཟི་ལིང་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་སྒོས་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་ལ་འབད་བརྩོན་ལྷོད་མེད་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། ད་ལྟ། ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་མངོན་གསལ་གྱིས་ལེགས་འགྱུར་བྱུང་ཡོད་ལ། ཞིང་ཆེན་ལྟེ་བའི་གྲོང་ཁྱེར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཐོན། འདི་ནི་པེ་ཁྲོན་ཆུ་བོའི་སྟེང་བསྐྲུན་པའི་པེ་ཁྲོན་ཆུ་བོའི་བརླན་སའི་སྤྱི་གླིང་རེད།

དབྱར་ཁ་སླེབས་པས་ནམ་ཟླ་དྲོ་ཞིང་འཇམ་ལ། དབྱར་ཁའི་སྤྲོ་གསེང་དཔལ་འབྱོར་ཡང་དེ་དང་བསྟུན་ནས་འཕེལ་རྒྱས་བྱུང་། མཚོ་སྔོན་པོ་དང“ཅང་ནན་ཆུང་བ”རུ་འབོད་པའི་ཁྲི་ཀ་དང་། “སན་ཡ་ཆུང་བ”རུ་འབོད་པའི་བདེ་སྐྱིད་སྡེ་བ། མཚོ་ཤར་གྲོང་ཁྱེར་ཕེན་ཨན་རྨ་ཙོང་རིག་གནས་ཉམས་ལེན་བྱ་ཡུལ། ཞིན་ཧྭ་ལེན་བྱིས་པའི་རོལ་རྩེད་གླིང་གི་ཕ་མ་བུ་ཕྲུག་གི་ཡུལ་སྐོར་སོགས་ཡུལ་སྐོར་ལྗོངས་ཁུལ་དང་དྲ་གྲགས་ལྗོངས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ཀྱིས་ཡུལ་སྐོར་ཚ་རླབས་འཕྱུར་ཏེ་ཡུལ་སྐོར་པ་མང་པོ་བཀུགས་ཤིང་། རང་བྱུང་ཁམས་ཆེན་མོའི་མཛེས་པ་དང་ཐུན་མོང་མ་ཡིན་པའི་འགུག་ཤུགས་ལ་རོལ་མྱོང་བྱེད་པ་དེ་བག་ཕེབས་སྤྲོ་གསེང་གི་རྩེད་འཇོ་བྱེད་ཐབས་གསར་པ་ཞིག་ཏུ་གྱུར་ཡོད།

འབྲེལ་ཡོད་སྡེ་ཁག་གི་སྡོམ་རྩིས་ལས་ཤེས་གསལ་ལྟར་ན། ཟླ་ལྔ་པ་ནས་མགོ་བརྩམས་ཏེ། ཟི་ལིང་གི་གླ་གཏོང་རླངས་འཁོར་མངག་ཉོ་བྱེད་མཁན2019ལོ་དང་བསྡུར་ན198%འཕར་བ་དང་། གསོལ་ཁང་དང་ཟ་ཁང་སོ་སོ་མངག་ཉོ་བྱེད་མཁན་ཆེས་ཆེར་འཕར་ཡོད།

“ཕྱི་རོལ་ཏུ་སོང་ནས་ཞིང་ཁྱིམ་ཟ་མ་ཞིག་བཟའ་འདོད་ནའང་གྲལ་ཕྲེང་རིང་པོ་ཞིག་བསྒྲིག་དགོས་པ་སེམས་ལའང་མ་དྲན།”ཟླ5པའི་ཚེས29ཉིན་ནི་གཟའ་མཇུག་ཏུ་ཁེལ་ཡོད་པས། ཟི་ལིང་གི་གཞིས་དམངས་ལྕམ་མོ་ཀྲའོ་ལགས་ཀྱིས་གཞན་ཡུལ་དུ་ཡོད་པའི་ཉེ་མིར་མགྲོན་བསུ་བྱེད་ཆེད། བསམ་གཟས་ནས་དྲ་གྲགས་ཟ་ཁང་དང་གསོལ་ཁང་ཆེན་མོ་ལ་བྱོལ་ནས་གྲོང་ཁྱེར་མཐའ་འཁོར་གྱི་ཟ་ཁང་ཞིག་བདམས་པ་ཡིན་མོད། བྲིན་ཚད་འདི་འདྲ་ཞིག་ལ་སླེབས་ཡོད་པ་ཁོ་མོའི་སེམས་ལའང་མ་དྲན།

མཚོ་ཤར་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་སྡོམ་རྩིས་ལྟར་ན། ཟླ་ལྔ་པ་ཚེས་རྗེས། མཚོ་ཤར་གྲོང་ཁྱེར་ཉེ་འགྲམ་གྱི་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་ལ་ཅུང་དགའ་བསུ་ཐོབ་ཡོད། ཞིང་པའི་སྤྲོ་སྐྱིད་ཁང་གི་ཉིན་རེའི་ཚོང་གཉེར་དུས་ཡུན་ཇེ་རིང་དང་ཅོག་ཙེ་གཅིག་ནས་ཟ་ཐེངས་གཉིས་ལ་སླེབས་པ་མངོན་གསལ་གྱིས་ཇེ་མང་དུ་ཕྱིན། ཟླ་ལྔ་པར། མཚོ་ཤར་གྲོང་ཁྱེར་གྱི་བཟའ་བཏུང་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་ཆེར་འཕར་ནས་མངག་ཉོ་བྱེད་མཁན་ཤིན་ཏུ་མང་། “དྲ་སྦྲེལ+བཟའ་བཏུང”གིས་བཟའ་བཏུང་ཚོང་ར་ལ་གོ་སྐབས་གསར་པ་བསྩལ་ནས། བཟའ་བཏུང་ཁེ་ལས་སྣ་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཟས་རིགས་ཀྱི་ཐུམ་སྤྲས་དང་ཞབས་ཞུ་རྒྱུ་སྤུས་ཇེ་མཐོར་བཏང་། དྲ་ངོས་ནས་ཉོ་སྒྲུབ་བྱེད་པ་དང་དྲ་ངོས་ཕྱིར་འཚོང་སོགས་ཀྱི་ཚོང་གཉེར་བྱེད་སྟངས་གསར་པ་བདམས་ནས་ཚོང་ར་རྒྱ་བསྐྱེད་པ་དང་མང་ཚོགས་ཀྱི་བཟའ་བཏུང་བེད་སྤྱོད་ཀྱི་དགོས་མཁོ་སྣ་ཚོགས་བསྐང་ཅི་ཐུབ་བྱས། ལྔ་གཅིག་གུང་གསེང་ཁོ་ནར་མཚོ་ཤར་གྲོང་ཁྱེར་གྱིས་གཙོ་བོ་བཟའ་བཏུང་ཁེ་ལས་ལ་ལྟ་ཞིབ་བྱས་ཏེ་ཚོང་གཉེར་ཡོང་སྒོ་སྒོར་ཁྲི1940མངོན་འགྱུར་བྱས། དེ་དུས་མཉམ་དང་བསྡུར་ན16.5%འཕར་ཡོད།

དེ་ལས་གཞན། ལྔ་གཅིག་གུང་གསེང་གི་སྐབས་སུ་སྤེལ་བའི་ཞུན་ཧྭ་རྫོང་གི་ལྗང་མདོག་གཞིས་ཁྱིམ་ཏེ“རབ་མཛེས་མཚོ་སྔོན། ཚོན་མདོག་ཞུན་ཧྭ”དང་། ལའོ་ཏུའུ་ཆུས་ཀྱི་མའོ་ཀྲའེ་ལྗོངས་ཁུལ་གྱི“རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་དང་པོ།” མེན་ཧོ་རྫོང་གི་ཆི་ལི་མེ་ཏོག་ཞིང་ཁམས་ལྗོངས་ཁུལ་གྱི“ཡུལ་བརྒྱན་མེ་ཏོག་དུས་ཆེན་སྐབས་དང་པོ།”ཕེན་ཨན་ཆུས་ཕེན་ཨན་ས་ཚིགས་ལྗོངས་ཁུལ་གྱི“གློག་བརྙན་རོལ་དབྱངས་དུས་ཆེན།”ཧུའུ་ཀྲུའུ་རྫོང་གི“ཁུ་ནུ་ངོ་མཚར་མཁར”སོགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སྣ་ཚོགས་ཀྱིས་རིག་གནས་ཡུལ་སྐོར་འཛད་སྤྱོད་འཕར་དུ་བཅུག དེའི་བར་དུ་རིམ་བསགས་ཀྱིས་ཡུལ་སྐོར་པ་མི་ཐེངས་ཁྲི35.44བཀུག་པ་དང་། ཡུལ་སྐོར་འཛད་སྤྱོད་ཀྱི་ཡོང་སྒོ་སྒོར་ཁྲི5170.49མངོན་འགྱུར་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།