“རིག་རྩལ+སྒྲོག་བཤད”ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི“གསུང་དབྱངས”མི་སེམས་སུ་ཟུག་ཏུ་བཅུག་པ།

ཉེ་སྔོན་གྱི་ཞོགས་པ་ཞིག་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་རྒྱ་ཐོག་སྡེ་བའི་རིག་གནས་ཐང་ཆེན་དུ། མཚམས་མཚམས་སུ་ཐལ་མོའི་རྡེབ་སྒྲ་ཐག་ཐག་ཏུ་གྲགས་བྱུང་། ཀོས་ནན་རྫོང་མང་ཆུ་གྲོང་རྡལ་རྒྱ་ཐོག་སྡེ་བའི་བརྩེ་དབྱངས་དམངས་ཁྲོད་གཞས་མ་གཏམ་མཐུན་ཚོགས་ཀྱི་རུ་མི་ཚོས“འབུད་འཐེན་དཀྲོལ་ལེན”སོགས་ཀྱི་རྣམ་པ་མང་པོས་ས་གནས་ཀྱི་སྡེ་དམངས་ལ“རླབས་ཆེན་སྙིང་སྟོབས་དར་སྤེལ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ”བརྗོད་དོན་ཡིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དྲིལ་སྒྲོལ་བྱ་འགུལ་སྤེལ་བཞིན་འདུག

ཞོགས་པ་དེར། 《“བྱེ་མའི་འགོག་བཅོས་སྙིང་སྟོབས”མི་རབས་རེ་རེར་སྤེལ》ཞེས་པའི་མགྱོགས་གཏམ་དང་། 《བདེ་སྐྱིད་ཀྲུང་གོ་དང་མཉམ་དུ་འགྲོ》ཞེས་པའི་ཞབས་བྲོ། 《རྫོགས་ལྡན་ཀྲུང་གོ》ཞེས་པའི་སྙན་ངག་གྱེར་འདོན་སོགས་ངོ་མཚར་བའི་ལེ་ཚན་རེ་རེས་སྡེ་མི་ཚོའི་ཡིད་དབང་ཅིག་ཅར་དུ་འཕྲོག་བཞིན་ལྟད་མོ་ལ་བལྟས་འདུག ལོ59ཡིན་པའི་ཡུས་ཡུང་ཧྲེང་ནི་རྒྱ་ཐོག་སྡེ་བའི་བརྩེ་དབྱངས་དམངས་ཁྲོད་གཞས་མ་གཏམ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་། ཁོས་སྣེ་ཁྲིད་པའི་གཞས་མ་གཏམ་མཐུན་ཚོགས་ཀྱིི་རུ་མི་ཚོས་སྒྲ་སྙན་པན་ཧུའུ་དང་རྒྱུད་གསུམ། པི་ཝང་རྒྱུད་གཉིས་མ། གླིང་བུ་སོགས་རོལ་ཆས་ཀྱིས་སྙན་འཇེབས་ལྡན་པའི་རོལ་དབྱངས་ཞིག་དཀྲོལ་བྱུང་།

རྒྱ་ཐོག་སྡེ་བའི་བརྩེ་དབྱངས་དམངས་ཁྲོད་གཞས་མ་གཏམ་མཐུན་ཚོགས་ནི2018ལོའི་ཟླ1པར་བཙུགས་ཤིང་། དང་ཐོག་དེ་འཛུགས་པའི་དམིགས་ཡུལ་ནི་གླུ་གར་དང་གཞས་མ་གཏམ་ལ་མོས་མཁན་རྣམས་མཉམ་དུ་འདུས་ནས། རང་ཉིད་ཀྱི་འཇོན་ཐང་མངོན་པའི་སྟེགས་བུ་ཞིག་བསྐྲུན་པ་དང་སྦྲགས། མི་སེམས་གོང་བུར་བསྒྲིལ་བ་དང་དྲང་ནུས་བརྒྱུད་སྤེལ་བྱེད་པ། གཞི་རིམ་གྱི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་རྒྱུ་དེ་ཡིན།

“ད་ལོར། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་མགོ་བརྩམས་པའི་གོ་སྐབས་བཟང་པོ་འདིར་བརྟེན་ནས། ང་ཚོ་གཞས་མ་གཏམ་མཐུན་ཚོགས་ཀྱིས་ཀྱང་བྱ་བ་ཞིག་བསྒྲུབ་འདོད་དེ། སྒྲོག་བཤད་མང་ཚོགས་དང་ཉེ་བར་བཅར་འདོད་པ་ཡིན། དེ་བས་ང་ཚོས་གྱེར་འདོན་དང་གླུ་གཞས། ཞབས་བྲོ། མགྱོགས་གཏམ་སོགས་མང་ཚོགས་ཀྱི་ཐོས་དགའ་མཐོང་སྤྲོའི་སྒྱུ་རྩལ་རྣམ་པ་སྒྲོག་བཤད་བྱ་འགུལ་དུ་འདྲེས་སུ་བཅུག་པ་དང་། “རིག་རྩལ+སྒྲོག་བཤད”རྣམ་པས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ཏན་ཏིག་གིས་དྲིལ་སྒྲོག་བྱེད་པ། གསར་བརྗེའི་རིག་གནས་ཀྱི་ས་བོན་འདེབས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི“གསུང་དབྱངས”མི་སེམས་སུ་ཟུག་པར་སྐུལ་འདེད་བྱེད་པ་བཅས་ཀྱིས། རྫོང་ཡོངས་ཀྱི་མི་དམངས་ཀྱིས་སྔར་ལས་ཏང་གི་དྲིན་ཤེས་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས། བདེ་སྐྱིད་ཀོས་ནན་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཁྲོད་ཧུར་ཐག་གིས་ཞུགས་སུ་འཇུག་རྒྱུ”ཞེས་ཡུས་ཡུང་ཧྲེང་གིས་བཤད་བྱུང་།

དེ་ལས་གཞན་ད་དུང་། བརྩེ་དབྱངས་དམངས་ཁྲོད་གཞས་མ་གཏམ་མཐུན་ཚོགས་ཀྱིས་འཁྲབ་སྟོན་སྐབས་སུ“ཏང་གི་ལོ་རྒྱུས་ཤེས་བྱར་ལན་འདེབས་པ”ཡི་བྱ་འགུལ་ཞིག་བར་བཅུག་བྱས་ནས། མང་ཚོགས་ཀྱིས་རང་ཉིད་དང་ཀྲུང་གོ་གུང་ཁྲན་ཏང་བར་གྱི་གཏམ་རྒྱུད་དང་། རང་ཉིད་ཀྱིས་ཏང་གི་དྲིན་ཤེས་པ། ཏང་ལ་བཤད་འདོད་པའི་སྐད་ཆ་བཤད་དུ་འཇུག་པར་ཧུར་ཐག་གིས་སྣེ་ཁྲིད་བྱས།

“ང་ཚོ་དུངས་པའི་རིག་རྩལ་རྣམ་པ་དེ་སྲོལ་རྒྱུན་གྱི‘ཁྱོད་ཀྱིས་བཤད། ང་ཡིས་ཉན’ཞེས་པའི་རྣམ་པ་དང་བསྡུར་ཚེ། སྔ་མ་དེ་སྔར་བས་ང་ཚོར་འོས་ཤིང་འཚམ་པ་ཞིག་རེད། དེ་རིང་གི་སྒྲོག་བཤད་ལ་མཉན་ནས་ང་རང་སེམས་འགུལ་ཐེབས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་བློ་རྩ་བརྟན་པོའི་མགོ་ཁྲིད་མེད་ཚེ། ང་ཚོའི་དེ་རིང་གི་འབྱོར་ཕྱུག་ལྷིང་འཇགས་ཀྱི་འཚོ་བ་ཡོད་མི་སྲིད། ང་ཚོར་ནམ་ཡང་ཏང་གི་དྲིན་ཤེས་པའི་བསམ་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་འདུན་པ་ཞིག་ཡོད་དགོས”ཞེས་སྡེ་མི་ལིའུ་མིང་ཧའེ་ཡིས་བཤད་བྱུང་།

“ཐེངས་འདིའི་བྱ་འགུལ་བརྒྱུད་ནས། ངས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དོན་སྙིང་གལ་ཆེན་གཞི་ནས་ཚོར་བྱུང་། སྡེ་བའི་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ང་རང་སྡེ་བའི‘དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས’ཀྱིས་སྒྲིག་འཛུགས་བྱས་པའི་རིགས་སོ་སོའི་དང་བླངས་ཞབས་ཞུ་བྱ་འགུལ་དུ་ཧུར་ཐག་གིས་ཞུགས་ནས། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཐོག མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་འདོན་ངེས”ཞེས་བྱ་འགུལ་ཡུལ་དངོས་སུ། ཏང་ཡོན་རྒན་པ་ཀྲའོ་ཀྲེང་ཆིང་གིས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་ཤེས་བྱ་དག་དེར་ཡོད་ཀྱི་སྡེ་མི་རྣམས་ལ་བཤད་ཀྱིན་འདུག

“ཟླ་བཞི་པ་ནི་སྡོང་པོ་འཛུགས་པའི་དུས་ཚིགས་བཟང་པོ་ཞིག་ཡིན། ང་ཚོ་ཉིན་འགའི་རྗེས་སུ་བྱེ་སྣ་དང་དམུ་གེ་ཐང་ལ་སྡོང་པོ་འཛུགས་པར་འགྲོ་ངེས། སྡེ་བའི་ཏང་ཀྲི་པུའུ་ཡིས་གཅིག་གྱུར་གྱིས་སྡོང་ཕྲུག་ཉོ་སྒྲུབ་དང་། དར་ཚོན་གྱིས་ས་ཁུལ་བགོས་རྗེས་ཧྲེ་གཅིག་སྡེ་ཁག་གཅིག་བྱས་ཏེ་སྡོང་པོ་འཛུགས་རྒྱུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཆ་ནས་མང་ཚོགས་ལ་དཀའ་ངལ་ཁྱད་བསད་ཀྱི་མིག་དཔེ་ཞིག་སྟོན་པར་སྣེ་ཁྲིད་བྱེད་དགོས། ཏང་ཡོན་ནི་དར་ཆ་ཞིག་ཡིན་པས། ཏང་ཡོན་གྱིས་སྣེ་ཁྲིད་དེ་བརྩོན་འགྲུས་སྤྱད་ན་མང་ཚོགས་ཀྱང་རྗེས་སུ་བསྙེག་ངེས”ཞེས་རྒྱ་ཐོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥུན་ཝུན་མིང་གིས་མྱོང་ཚོར་ཟབ་མོའི་སྒོས་དེ་ལྟར་བཤད་བྱུང་།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཁྱོན་ཡོངས་ནས་སྐུལ་འདེད་དང་། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཆེད། མང་ཆུ་གྲོང་རྡལ་རྒྱ་ཐོག་སྡེ་བའི་བརྩེ་དབྱངས་དམངས་ཁྲོད་གཞས་མ་གཏམ་མཐུན་ཚོགས་ཀྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཕྱིར་མངོན་པའི་རིག་རྩལ་ལེ་ཚན་སྒྲིག་འགོད་བྱས་པ་དང་། ཟློས་གར་དང་ཞབས་བྲོ། གསར་བརྗེའི་གླུ་གཞས་གྲགས་ཅན། གྱེར་འདོན་སོགས་ཀྱི་རྣམ་པས། ཟླ3པའི་ཟླ་དཀྱིལ་ནས་མགོ་བརྩམས་ཏེ། རྫོང་ཡོངས་ཀྱི་གྲོང་རྡལ་དང་སྡེ་བ(ཧྲེ་ཁུལ)བཅས་ནས་སྐོར་སྐྱོད་འཁྲབ་སྟོན་བྱས་པ་དང་། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་གཟི་འོད་ལྡན་པའི་ལོ་རྒྱུས་ཀྱི་ལམ་བུ་དང་གྲུབ་འབྲས་རླབས་ཆེན། ཉམས་མྱོང་རྩ་ཆེན་བཅས་རིམ་པ་མང་བ་དང་ཟུར་མང་བ། ངོས་མང་བ་བཅས་ནས་དྲིལ་སྒྲོག་འགྲེམ་སྟོན་བྱས་ཏེ།ཀོས་ནན་རྫོང་གིས་ལས་དོན་སོ་སོའི་ཐད་ནས་བླངས་པའི་གཡུར་ཟའི་གྲུབ་འབྲས་ཕྱིར་མངོན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།