རྡོ་རྗེ་སྒྲོལ་མས་བུད་མེད་རྣམས་ཀྱི་སྣེ་ཁྲིད་དེ“སྒོ་ཁ”ཡི་དཔལ་འབྱོར་འཕེལ་རྒྱས་བཏང་བ།

ཨ་མྱེས་རྨ་ཆེན་གངས་འདབས་སུ་ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཅ་གུ་སྡེ་བར། དུད་ཁྱིམ309དང་མི1123ཡོད་པའི་གྲས་སུ་སྔོན་ཆད་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང58ཡོད་ལ། དཔེ་མཚོན་རང་བཞིན་ལྡན་པའི་འབྲོག་སྡེ་ཞིག་རེད། ད་ལྟ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་འབུམ་ཕྲག་ལས་བརྒལ་ཡོད།

རང་ཞིང་དུ “བུད་མེད་ཀྱི་དབུལ་ཐར་འགུལ་སྐྱོད”ཅེས་པ་ལས་བུད་མེད་ཕྱུག་བསྒྱུར་ལ་འཇོན་མཁན་གྱིས་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱ་ཆེའི་བུད་མེད་རྣམས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བའི་སྒོ་མོ་ཕྱེས་སྟབས། བུད་མེད་མང་པོ་དབུལ་ཕོངས་ལས་ཐར་ཏེ། གསར་སྐྲུན་དང་དངོས་སྒྲུབ་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ཁྲོད“གནམ་གྱི་ཕྱེད་ཀ”ཡི་སྟོབས་ཤུགས་བཏོན་ཡོད།

རྡོ་རྗེ་སྒྲོལ་མ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་རྐྱང་ཆེན་སྡེ་བ་ནས་སྐྱེས་ཤིང་ནར་སོན་ལ། 2010ལོའི་ཟླ8པར“ནོར་བུ་གང་འདོད་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང”བཙུགས་ཏེ། “ཀུང་སི+འབྲོག་ཁྱིམ+ཐོན་རྫས+ཕྱིར་འཚོང”གི་བདག་གཉེར་རྣམ་པ་སྤྱད་དེ། ཐོན་སྐྱེད་དང་། མཁོ་སྤྲོད། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ཁྱད་ལྡན་ཐོན་ལས་ཀྱི་དཔལ་འབྱོར་སྦྲེལ་ཐག་གྲུབ།

གཞི་རིམ་འབྲོག་ཁུལ་གྱི་བུད་མེད་ཅིག་ཡིན་པའི་ཆ་ནས། མོས་མཉམ་ལས་ཁང་གི་ཁོངས་མི་ཡོངས་ལ་སྣེ་ཁྲིད་དེ་ལས་སྐྲུན་གྱི་ལག་ལེན་དངོས་ཀྱི་ནང་འབད་པ་ཆེན་པོས་ཞུགས་པ་དང་། ཕྱུགས་ལས་འོ་བཟོས་ཐོན་རྫས་ཐོན་སྐྱེད་དང་། བསང་རྫས་ལས་པ་སོགས་གཙོ་བྱས་ཏེ། 2013ལོའི་ཟླ7པར་དངོས་སུ་ཚོང་རར་ཞུགས། 2014ལོའི་ཟླ9པར། སྡེ་བའི་དབུལ་ཕོངས་དུད་ཁྱིམ་གྱི་བུད་མེད45ལ་འཚམས་འདྲི་བྱས་པ་དང་། དེའི་རྗེས་དབུལ་སྐྱོར་དཀའ་སེལ་བྱེད་པ་དེ་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་ལས་གཞིའི་ནང་བཞག་སྟེ། སྡེ་བའི་ནང་གི་ཆེས་དབུལ་བའི་དབུལ་ཕོངས་དུད་ཁྱིམ11གི་མི36མཉམ་ལས་ཁང་གི་རོགས་སྐྱོར་བྱ་ཡུལ་ནང་བཞག

2018ལོའི་ཟླ5པར། སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲོའུ་མེ་ཧྭ་ཡིས་བུད་མེད210ཡི་སྣེ་ཁྲིད་དེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཁོ་ལུའུ་ཁོ་གྲོང་རྡལ་ཅིན་ཡོན་སྡེ་བར་གནས་པའི་གཏེར་ལེན་ཁ་ཅིང་རུན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། དྲོད་ཁང་དུ་མེ་ཏོག་བཏབ་ནས་ཕྱིར་འཚོང་བྱས། ད་ལྟ། མེ་ཏོག་བཏབ་པའི་རྫ་མ་ཁྲི60ཡོད་ཅིང་། ཡོང་འབབ་རྐྱང་བ་སྒོར་ཁྲི83.4མངོན་འགྱུར་བྱས་ཏེ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། གཞིས་སྲུང་བུད་མེད་སྐུལ་ཁྲིད་བྱས་ཏེ་ཕྱུག་བསྒྱུར་དང་ཡོང་འབབ་ཇེ་མང་དུ་བཏང་། རིམ་བསགས་བྱས་ན་སྡེ་དམངས་ཀྱི་ཚབ་ཏུ་སྨན་བཅོས་འགན་སྲུང་གི་སྒོར་ཁྲི15སྤྲད་པར་མ་ཟད། སྡེ་དམངས་ལ་སྒོར་ཁྲི4ལྷག་གི་ཞོག་ཁོག་གི་ས་བོན་ཉོས་ལ། དབྱར་གནང་གི་ཟུར་ཁྲིད“རེ་བའི་སློབ་ཁང”བསྒྲུབས་ནས། སློབ་ཆེན་དུ་ཞུགས་པའི་སློབ་མ6ལ་རོགས་སྐྱོར་བྱས། 2020ལོར་མོས་གཉེར་བའི་མཉམ་ལས་ཁང་དེ“མཚོ་ནུབ་ཁུལ་གྱི་བུད་མེད་ཀྱིས་གཉེར་བའི་ཞིང་ཕྱུགས་ལས་དཔེ་སྟོན་ལྟེ་གནས”ལ་བདམས།

ལོ་འདི་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གཞིས་སྡོད་ལ་འོས་པ་དང་། གྲོང་གསེབ་ཀྱི་དར་སྲོལ་དཔལ་ཡོན་ལྡན་པ། བཅོས་སྐྱོང་བྱས་པ་ཕན་ནུས་ལྡན་པ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། རོང་འབྲོག་ཁུལ་དུ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། གྲོང་གསེབ་ཀྱི་དར་སྲོལ་དཔལ་ཡོན་ཅན་དུ་འཛུགས་སྐྲུན་བྱེད་པ། དཀའ་ཁག་ཡོད་པར་བརྩེ་བས་གཟིགས་སྐྱོང་བྱེད་པ་བཅས་ཀྱི་ཐད་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ལ། ཆེས་རྒྱ་ཆེ་བའི་ངང་རོང་འབྲོག་ཁུལ་གྱི་བུད་མེད་སྐུལ་སློང་དང་རྩ་འཛུགས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་མངོན་འགྱུར་བྱེད་ཆེད་བུད་མེད་ཀྱི་ནུས་པ་བཏོན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།