མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ལས་སྒྲུབ་མི་སྣའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2020ལོ་ནས་བཟུང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས“ཤེས་རྟོགས་གཅིག་དང་དགའ་ཞེན་གཉིས”ཀྱི་ཞིང་ལས་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པ་གཙོ་གནད་དུ་བཟུང་བ་དང་། གཙོ་གནད་ཤེས་ལྡན་པའི་རྣམ་གྲངས་ལག་བསྟར་བྱེད་པ། རིམ་དབྱེ་རིགས་དབྱེའི་སྒོ་ནས་སློབ་གསོ་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་ལས་གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ལ་ཤུགས་བསྣན་ཏེ་ཞིང་ཕྱུགས་ལས་ཀྱི་ལས་སྒྲུབ་མི་སྣའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་ལྡན་པའི་འགན་ལེན་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས། མིག་སྔར་ཞིང་ཆེན་ཡོངས་སུ་བསྡོམས་པས་གྲོང་གསེབ་ཀྱི་གསར་འབྱེད་ལས་གཉེར་བྱེད་མཁན2336ཡོད་པ་དང་མི་གྲངས་ཁྲི2.4ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཞིང་ལས་གྲོང་གསེབ་ཀྱི་ཚན་རྩལ་དང་ཤེས་ལྡན་མི་སྣའི་འཕེལ་རྒྱས་འཆར་འགོད》ཞིབ་འཇུག་བྱས་ནས་བཟོས་པ་དང་། ཁུ་ནུ་མཛངས་མིའི་བྱ་སྤྱོད་འཆར་གཞི་ནན་ཏན་ངང་སྤེལ་ཏེ། མི4རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣའི་འཆར་གཞིའི་ནང་འཇུག་པར་ཞིབ་འཇུག་བྱས་ནས་གཏན་ལ་ཕབ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ98དང་ཤེས་ལྡན་མི་སྣའི་ཚོགས་པ15“ཁུ་ནུའི་མཛངས་མི·གྲོང་གསེབ་དར་སྤེལ་གཏོང་བའི”རྒྱབ་སྐྱོར་འཆར་གཞིའི་ནང་བཞག ཞིང་ཕྱུགས་རིམ་གྲས་ཀྱི་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་ལས་དོན་ལས་ཁུངས་ཀྱི་ལས་གནས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། གསོ་སྦྱོང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཕ་ཡུལ་དུ་ལོག་པའི་མི་སྣས་གསར་འབྱེད་ལས་གགཉེར་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་བར། ཟི་ལིང་དང་མཚོ་ནུབ་ཀྱི་ཞིང་ལས་གསར་འབྱེད་ལས་གཉེར་གླིང(རྟེན་གཞི)2དང་ལས་སྐྲུན་གསར་གཏོད་ལས་གཞིའི་རྣམ་གྲངས་གཉེར་མཁན54ལ་གཙོ་གནད་ཏུ་བཟུང་ནས་རོགས་སྐྱོར་བྱས། 

2018ལོར་སློབ་གྲྭ་ཆེ་མོ་བས་གྲོང་གསེབ་མཉམ་ལས་རྩ་འཛུགས་ལ་ཞབས་འདེགས་ཞུ་བའི་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་། སློབ་ཆེན་སློབ་མ600འདེམས་གཏོང་བྱས་པའི་རྨང་གཞིའི་ཐོག་སླར་ཡང་སློབ་མ400ཇེ་མང་དུ་བཏང་བ་མ་ཟད། སློབ་ཆེན་སློབ་མ་འདེམས་པ་དང་གདན་ཞུ། གོ་རིམ་བཞིན་བེད་སྤྱོད་པ་བཅས་སྔར་བས་ཚད་ལྡན་དུ་བཏང་ནས་གྲོང་གསེབ་དར་སྤེལ་གྱི་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་བྱས་པས། མིག་སྔའི་བར་རྣམ་གྲངས་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)8དང་རྫོང41གི་སྲིད་འཛིན་གྲོང་ཚོ839དང་རྒྱལ་གཉེར་ཞིང་ར10ལ་ཁྱབ་ཡོད་པ་རེད།

ཞིང་ཕྱུགས་ལས་ཀྱི་ལས་སྒྲུབ་མི་སྣའི་བྱང་ཚད་རྒྱུན་མ་ཆད་པར་མཐོ་རུ་གཏོང་ཆེད། སྔོན་འགོག་ཚོད་འཛིན་དོ་དམ་ལ་ཤུགས་སྣོན་དང་གསོ་སྦྱོང་གི་གཞི་ཁྱོན་འོས་འཚམ་གྱིས་ཆུང་དུ་བཏང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། གཞོན་ནུ་ཞིང་རའི་བདག་པོ་དང་དེང་རབས་གསར་འབྱེད་ལས་གཉེར་གཞོན་ནུ་གཉེར་སྐྱོང་མཁན་གསར་པའི་སྣེ་ཁྲིད་པ་སོགས་བསྡོམས་པས་རོང་འབྲོག་པ15018གསོ་སྐྱོང་བྱས་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།