རྒྱལ་ཁབ་ཀྱིས2021ལོའི་ཀྲུང་དབྱང་སྔོན་རྩིས་ནང་སྒོར་ཁྲི9130བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ6པའི་ཚེས9ཉིན་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་བཞུར་ཁོངས་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་སྤྱོད་ཀྱི2021ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་སྒོར་ཁྲི9130བཏང་ནས། ཟི་ལིང་གྲོང་ཁྱེར་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་ཨང་དྲུག་པའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་མཐོར་འདེགས་བཟོ་སྐྲུན་དང་། ཧོང་ཀྲུང་ཆུས་ཞི་ན་ཁྲོན་བཞུར་ཁོངས་ཀྱི་བཙོག་ཆུའི་སྦུ་གུ་བཟོ་སྐྲུན། ཧོང་ཀྲུང་ཆུས་ཤང་དང་གྲོང་རྡལ4ཡི་ཞིང་སྡེའི་འཚོ་བའི་གད་སྙིགས་བརྒྱུད་སྤྲོད་ས་ཚིགས་འཛུགས་སྐྲུན་ལས་གཞི་བཅས་ལ་རྒྱབ་སྐྱོར་བྱས། 

གཙོ་གནད་བཞུར་ཁོངས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ལེགས་བཅོས་དང་། མུ་མཐུད་དུ་ཆུའི་ཐོན་ཁུངས་འགན་སྲུང་ཆུ་ཚད་དང་། ཆུའི་སྤུས་ཚད་ཀྱི་བསྡུར་ཚད་ཁ་བསྣོན་བྱས་ནས། ཞིང་ཆེན་ཡོངས་ཀྱི་གཙོ་གནད་བཞུར་ཁོངས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་སོང་བ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་མཐུད་སྦྲེལ་བྱས་ཏེ། རྒྱལ་ཁབ་ཀྱིས་རང་ཞིང་གི་གཙོ་གནད་བཞུར་ཁོངས་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བར་བརྩོན་ལེན་བྱས། དུས་མཚུངས་སུ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བཞུར་ཁོངས་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་གྱི་དངོས་ཡོད་དང་ཟུང་འབྲེལ་སྒོས། ཟི་ལིང་གྲོང་ཁྱེར་དང་མཉམ་དུ་ལས་གཞི་རེ་ཞུ་དང་། ཞིབ་བཤེར་གཟབ་ནན་སྒོས། དུས་ཐོག་ཏུ་འཆར་གཞི་ཞུ་འབུལ་ཏན་ཏིག་བྱས། 

རྒྱུས་ལོན་པ་ལྟར་ན། ལས་གཞི་འདི་དག་འཛུགས་སྐྲུན་ལེགས་འགྲུབ་བྱས་རྗེས། སྔར་ལས་ལྷག་པའི་སྒོ་ནས་ཟི་ལིང་གྲོང་ཁྱེར་གྱི་བཙོག་ཆུ་ཐག་གཅོད་ནུས་པ་མཐོར་འདེགས་དང་། ཧོང་ཀྲུང་ཆུས་ཡི་འཚོ་བའི་གད་སྙིགས་བསྡུ་ལེན་ཁྱབ་ཁོངས་ཡོངས་སུ་ཁེབས་པ་མངོན་འགྱུར་འབྱུང་རྒྱུ་རེད། ད་ལྟ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དངུལ་གཏོང་འཆར་གཞི་དབྱེ་འབྱེད་བྱས་ཏེ་རྩིས་སྤྲོད་བྱ་བ་ལེགས་འགྲུབ་བྱས་ཟིན་ལ། རྗེས་མར་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་གཞི་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། ལས་གཞི་ལག་བསྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། སྔ་མོ་ནས་དངུལ་གཏོང་ཁེ་ཕན་འདོན་སྤེལ་བྱེད་པར་ཁག་ཐེག་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།