མཚོ་སྔོན་གྱི་ཐུན་མོང4དང་མི7ལ་རྒྱལ་ཡོངས་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་གཟེངས་བསྟོད་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་ནས་ཚོགས། ཚོགས་འདུས་ཐུན་མོང153ལ་རྒྱལ་ཡོངས་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནང་ལ། མི257ལ་རྒྱལ་ཡོངས་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་། མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང4དང་མི7ལ་གཟེངས་བསྟོད་ཐོབ།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་མཁན་ནི། ཟི་ལིང་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་ཅུའུ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་གཞུང་སྒྲུབ་ཁང་བཅས་ཡིན་པ་དང་། རྒྱལ་ཡོངས་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་མཁན་ནི། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ནང་སྟོད་གྲོང་རྡལ་གྱི་ཀྲིན་ཀྲང་གཞོན་པ་ཡུང་ཀྲོང་ལིན་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ་གསར་སྤེལ་མཛུབ་སྟོན་དང་ལས་གཞི་ལྟ་སྐུལ་ཁའོ་ཡི་ཁའོ་ཀྲང་ཞུའུ་ཀྲིན་ལིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ལས་བྱེད་པ་རྡོ་རྗེ་དབང་རྒྱལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཞེ་ཆིན་མའེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་བསོད་ནམས་དབང་ཆེན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ལས་བྱེད་པ་ཅའོ་ཧྥུའུ་ཀྲི། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ལས་གཞི་ལྟ་སྐུལ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཞུའེ་ཀྲུང་བཅས་ཡིན། 

མིག་སྔར། “ཞིང་གསུམ”བྱ་བའི་གཙོ་གནད་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ཐད་ཕྱོགས་ཡོད་པ་དང་། དེའི་གཏིང་ཚད་དང་ཁྱབ་ཚད། དཀའ་ཚད་བཅས་ནི་དབུལ་ཐར་མཁྲེགས་གཏོར་ལས་མི་ཆུང་བ་ཡིན། མུ་མཐུད་དུ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་ནི་ལོ་རྒྱུས་ཀྱིས་བསྩལ་བའི་ལས་འགན་གསར་བ་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གྲོང་གསེབ་དར་སྤེལ(དབུལ་སྐྱོར)མ་ལག་གི་རྒྱ་ཆེའི་ལས་བཟོ་བས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་མིག་དཔེར་བཟུང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱ་བསྐྱེད་དང་སྲ་བརྟན་དུ་བཏང་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་དགོས་ལ། དཀའ་སྤྱད་དངོས་བརྩོན་དང་བསྟུད་མར་འབད་བརྩོན་གྱིས་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཁྲོད་ཁག་ཁུར་གསར་བ་མངོན་པ་དང་གྲུབ་འབྲས་གསར་བ་བསྐྲུན་ནས་མུ་མཐུད་དུ་འོད་སྟོང་འབར་བའི་ལོ་རྒྱུས་རྩོམ་དགོས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།