མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་ལས་ཁུངས་ཀྱི་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ་དང་ཏང་གི་ལོ་བརྒྱའི་སྐྱེས་སྐར་ཐོན་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་དུ་ཕེབས་ནས་རྟོག་ཞིབ་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་བྱེད་པ་མཚོན་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་རིམ་པ་སོ་སོའི་མཚོ་སྔོན་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་གཉིས་ནི་གཅིག་རྒྱུད་གཅིག་འདྲེས་ཡིན་ལ། གསུང་བཤད་ནང་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་བཙུགས་ནས་རེ་བ་གསར་བ་བཏོན་པ་དང་། མཚོ་སྔོན་གྱི་དགེ་མཚན་བསྟན་ཡོད་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་འགག་རྒལ་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་ཡོད་པ་དང་། དེ་ནི་དུས་རབས་གསར་བའི་ནང་རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ཕྱོགས་སྟོན་ཡིན་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་སྐུལ་མ་ཆེན་པོ་ཐེབས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པས། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་ཁྲོད་མྱུར་དུ་སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས༢༠༡༦ལོར་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་ཐེངས་གཉིས་ཀྱི་གསུང་བཤད་གལ་ཆེན་དང་ད་ལོར་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས། སྲིད་གྲོས་ཀྱི་འབྲེལ་འདྲིས་དང་དགེ་མཚན་རྒྱ་ཆེ་བའི་ངང་འདོན་སྤེལ་བྱེད་པ་དང་། དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་ན། རྟོག་ཞིབ་དང་ཨུ་ཡོན་གྱི་བརྗོད་དོན་འགན་སྒྲུབ་ལག་ལེན་བྱ་འགུལ། ཆེད་དོན་བྱ་བའི་ཨུ་ཡོན་སྒྲོག་འགྲེལ་སོགས་བརྒྱུད་དེ། སྲིད་གྲོས་ཨུ་ཡོན་གྱིས་འགན་སྒྲུབ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ལས་རིགས་སོ་སོའི་མང་ཚོགས་ཁྲོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བཟང་བོ་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཏུའུ་ཅེ། ཏང་ཙུའུ་ཁོངས་མི་མཱ་ཧའེ་དབྱིན། ཝང་ཀྲིན་ཁྲང་། མཱ་ཧྥིན་ཧྲིན། ལིའུ་ཏཱ་ཡེ་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཝང་ཞོན་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།